འདི་ནི་བདེ་ཆེན་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་ནི་མཚོ་བོད་ས་མཐོ་དང་ཡུན་ཀུའེ་ས་མཐོའི་བར་བརྒལ་ཁུལ་དུ་ཆགས་ཡོད་ལ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།

        ས་བབ་ཀྱི་ཐོག་ནས་བལྟས་ན་བདེ་ཆེན་ཁུལ་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད། འཕྲེད་བཅད་རི་རྒྱུད་ཀྱི་ལྷོ་རྒྱུད་དུ་ཆགས་ཡོད་ལ། འབྲི་ཆུ་དང་རྫ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་འགག་རག་ཁུལ་དུ་གནས་ཡོད། དེ་མིན་གཙང་གསུམ་མཉམའབབ་དང་གཙང་ཀྱིས་གཉིས་ཀྱིས་རྒྱལ་མཚམས་བརྒལ་བའི་ས་ཁོངས་སུ་ཡོད་དེ། བདེ་ཆེན་ནི་སྣ་མང་རྙོག་འཛིང་ཅན་གྱི་ས་དབྱིབས་ཆགས་ཚུལ་དང་གནམ་གཤིས་ཀྱི་རིགས་དམིགས་བསལ་ས་ཁོངས་སུ་ཡོད་ལ། མངའ་ཁོངས་སུ་རི་མཐོ་གྲོག་རོང་དང་། གངས་རི། འཁྱགས་ཀླུང་། ས་མཐོའི་འདམ་ར། ནགས་ཚལ་དང་རྩྭ་ཐང་། ཚྭ་མེད་ཆུའི་མཚེའུ། རྩ་ཆེའི་སྲོག་ཆགས། རྩ་ཆེའི་རྩི་ཤིང་སོགས་ངོ་མཚར་ཆེ་བའི་མཛེས་ལྗོངས་མང་པོ་འདུས་ཡོད་པ་རེད།






        དངོས་རིགས་ཁྱབ་ཚུལ་ལ་བལྟས་ན་བདེ་ཆེན་མངའ་ཁོངས་སུ་ཁྱབ་པའི་ཝེ་ཀོན་ཆུན་རྩི་ཤིང་ཁྱོན་ཚན་ཁག་248དང་རིགས་4993ཡོད་ལ། བདེ་ཆེན་ཁུལ་དུ་ད་ཆ་ས་བོན་རྩི་ཤིང་ཚན་ཁག་186དང་རིགས་4519ཡོད་པ་རེད། དུས་རབས་བཞི་པའི་འཁྱགས་རོམ་ཆེན་པོའི་དུས་མཇུག་འགྲིལ་རྗེས་འཛམ་གླིང་ཡོངས་སུ་གཅེར་བུའི་རྩི་ཤིང་ཚན་ཁག་12ལས་ལྷག་མེད་པ་དང་བདེ་ཆེན་ནས་དེའི་ཁྲོད་ཀྱི་ཚན་ཁག་7ཤེས་རྟོགས་བྱུང་།བདེ་ཆེན་གྱིས་མིག་སྔར་ཤེས་ཟིན་པའི་སྤྱན་གཟིགས་རྩི་ཤིང་ཚན་106321དང་སྨན་སྤྱོད་རྩི་ཤིང་སྣ་ཁ་969བདག་ཏུ་མ་བཟུང་བའི་བཟའ་བྱའི་ཤ་མོ་སྣ་ཁ་147ཡོད། བདེ་ཆེན་མངའ་ཁོངས་སུ་ཁྱབ་པའི་སྲོག་ཆགས་ཀྱི་འོ་གསོའི་རིགས་120དང་བྱ་རིགས་290སོ་སོས་རྒྱལ་ཡོངས་ཀྱི་24.12%དང་ཡུན་ནན་གྱི་38.83%བཟུང་བ་དེའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ནང་བཅུག་པའི་ཡུན་ནན་གྱི་སྤྲེའུ་སྤུ་སེར་དང་ཁྲུང་ཁྲུང་སྐེ་ནག་སོགས་སྣ་ཁ་109ཡོད་པ་རེད།འདི་ནི་འཛམ་གླིང་གི་མིང་དུ་གྲགས་པའི་མ་དཔེ་ཐོན་ཡུལ་ཡིན་པ་དང་། དུས་མཚུངས་སུ་འཛམ་གླིང་གི་མིང་དུ་གྲགས་པའི་མེ་ཏོག་ཁུ་བྱུག་དང་། དཔྱིད་ཀའི་སྙན་ཞུ། འབྲུག་མཁྲིས་སྔོ་ལྗང་། རྟ་རྣ་རྩྭ། སྨུག་པོ། ཝུའུ་ཐོའུ། མཆིལ་བ་སྔོ་སྐྱ་སོགས་རྩི་ཤིང་རིགས་ཀྱི་ཁྱབ་ཚུལ་དང་ཁ་གྱེས་ལྟེ་གནས་ཀྱང་ཡིན།


        རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཁུལ་དབྱེ་ནས་བལྟས་ན་བདེ་ཆེན་ནི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གླེང་མང་བའི་ས་ཁུལ་36གི་གྲས་ཤིག་ཡིན་པ་དང་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣེ་མང་རང་བཞིན། འགག་རྩའི་རིགས་ཁྱུ་དང་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྐྱེ་དངོས་རིགས་མང་པོ་ཡོད་པས་ཐུན་མོང་མ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྱད་ཆོས་ཤིག་ཆགས་ཡོད།

        ས་ཁོངས་རང་བཞིན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་རིན་ཐང་ནས་བལྟས་ན་བདེ་ཆེན་ནི་ཕུན་སུམ་ཚོགས་པའི་རྒྱུད་འཛིན་སྣ་མང་རང་བཞིན་དང་། དངོས་རིགས་སྣ་མང་རང་བཞིན། སྐྱེ་ཁམས་མ་ལག་སྣ་མང་གི་རང་བཞིན་བཅས་ལ་སྲུང་སྐྱོང་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་དང་། དེའི་རིན་ཐང་ནི་ནུབ་ཕྱོགས་ཀྱི་སྐྱེད་ཚལ་མཛེས་ལྗོངས་དང་ལྡུམ་རའི་ལག་རྩལ་སོན་གསོ་ལ་བྱས་རྗེས་བཞག་པའི་ཐོག་ནས་མཚོན་པ་དང་། ས་གནས་དེ་གའི་དེ་སྔའི་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་བྱས་རྗེས་བཞག་པའི་ཐོག་ནས་མཚོན་ཡོད།ས་གནས་ཀྱི་GDPལ་ལེགས་སྐྱེས་འབུལ་བའི་ཐོག་ནས་མངོན་པ་དང་འབྱུང་འགྱུར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་མངོན་པའི་རིན་ཐང་ཐོག་ནས་མངོན་གྱི་ཡོད།