བདེ་ཆེན་གྱི་གཏམ་དཔེ་ཁག་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-26   རྩོམ་ཁུངས།    བདེ་ཆེན་གྱི་གཏམ་དཔེ།

རྒྱན་མ་བཞག་ཨ་རོགས་རང་དབང་ཆེ།    

རྒྱན་བཞག་ནས་ཨ་རོགས་རྩིབ་མ་བཀོག  

不打赌前自己说了算,

赌输后要舍命赔肋骨。

 

རྒྱན་མ་བཞག་རྒྱལ་པོ་བུ་ལ་དབང་།   

རྒྱན་བཞག་ན་སྤྲང་པོ་བུ་ལ་དབང་།

不打赌王子说了算,

赌输了穷子说了算。

 

འགྲོ་ཁ་རྟ་ཕོ་དྲག་ཟན།    

འཆི་ཁ་མ་ཎི་དྲག་འདོན།

临行急喂马,

将死忽念佛。

 

ངན་པ་ཧ་མི་གོ་ན།   

བཟང་བོར་ངོ་མི་ཤེས། 

不懂恶、

焉知善。

 

ཆང་ཁ་ནང་འཐུང་།   

རིག་པས་ཚོད་འཛིན།

酒用嘴喝,

分寸由心把握。

 

ཆང་འཐུང་ན་ཚོད་ཡོད་དགོས།   

གཏམ་བཤད་ན་གདེང་ཡོད་དགོས།

喝酒要节量,

说话要底气。

 

ཆང་ཕུར་བ་གང་གིས།    

མི་རྒན་སྲོག་རྩ་གཅོད།

为贪一碗酒,

丢了老人命。

 

ཆུ་ཁོགས་པའི་སྣོད་ཡོད་ཀྱང་།   

གཏམ་ཁོགས་པའི་སྣོད་མེད། 

有盛水的容器,

却没有盛话的容器