རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-27   རྩོམ་ཁུངས།   
ཟླ་10པའི་ཚེས་26ཉིན་སེམས་ཀྱི་ཉི་ཟླ་ཆེན་མོའི་འབྲོག་ལས་འཕེལ་རྒྱས་དང་ཡུན་ནན་ཝེ་སུང་ཀུང་སིའི་སྤུས་རྟགས་མཐོར་གཏོང་བགྲོ་གླེང་ཚོགས་འདུ་དེ་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།
རྒྱལ་ཁབ་གསར་སྤེལ་དངུལ་ཁང་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཞིང་ལས་རྣམ་གྲངས་དབུ་བཞུགས་འཐུས་མི་ཀྲང་ཧྲི་ཅུན་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ས་ཁུལ་སིའི་སི་ཀྲང་གཞོན་པ་ཕན་མ་ལི། བདེ་ཆེན་ཁུལ་སྲིད་གཞུང་དང་དེ་བཞིན་ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་ཞིང་ལས་དང་གྲོང་གསེབ་ཅུས། ཁུལ་ནོར་སྲིད་ཅུས། འབའ་ལུང་རྫོང་སྲིད་གཞུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས། ཡུན་ནན་ཝེ་སུང་བཟའ་བཅའ་ཚད་ཡོད་ཀུང་སི་སོགས་ཚན་པའི་འགན་འཁུར་བ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།
སེམས་ཀྱི་ཉི་ཟླ་ཆེན་མོ་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། འབྲི་གཡག་དང་། མཛོ། བོད་ཕག བོད་བྱ། རི་ལུག་སོགས་ས་མཐོར་དམིགས་བསལ་དུ་ཡོད་པའི་ཕྱུགས་རིགས་དང་སྐྱེ་དངོས་རིགས་སྣ་ཚོགས་འཚོ་གནས་བྱས་ཡོད་པས། འབྲོག་ལས་ལ་འཕེལ་རྒྱས་མྱུར་པོ་ཕྱིན། འོན་ཀྱང་འགྲིམ་འགྲུལ་དང་། ཁྲོམ་ར། མ་དངུལ། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱིས་ཚོད་འཛིན་མང་པོ་བྱས་པར་བརྟེན་རྣམ་པ་ཆུང་ལ་ཁ་ཐོར་གྱི་གཉེར་སྐྱོང་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད། ཚོགས་ཞུགས་རྒྱལ་ཁབ་པུའུ་ཨུའི་འགོ་ཁྲིད་དང་། རིགས་གཅིག་མཁས་ཅན། ཁེ་ལས་མཁས་ཅན་བཅས་ཀྱིས་སེམས་ཀྱི་ཉི་ཟླ་ཆེན་མོའི་འབྲོག་ལས་འཕེལ་རྒྱས་ལ་ཐབས་ཇུས་སྣ་མང་བཏོན་ཡོད་པ་སྟེ། འབྲོག་ལས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྤུས་རྟགས་གཏོད་རྒྱུར་སྣང་ཆེན་བྱས་ཏེ་སྣེ་འདྲེན་ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་བཅས་མཉམ་འབྲེལ་གཉེར་སྐྱོང་བྱ་ཐབས་འཚོལ་ཞིབ་དང་གསར་འཛུགས་བྱས་ཏེ་འབྲོག་ལས་དང་ས་མཐོའི་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས། སེམས་ཀྱི་ཉི་ཟླའི་བེ་ཤ་དང་། ལི་མའེ། ཚགས་ཤ་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཧ་ཅང་ཡག་པོ་ཡོད་མོད། འོན་ཀྱང་རི་ཁུལ་དུ་རྨོ་ཞིང་ཉུང་བ་དང་རྩྭ་ཐང་ལ་ཚད་ཡོད་པས་གཞི་ཁྱོན་ཆེན་པོས་འདེབས་འཛུགས་དང་གསོ་ཚགས་བྱ་རྒྱུ་དེ་དོན་དངོས་དང་མི་མཐུན་པ་ཞིག་ཡིན་པས་རྣམ་པ་ཆུང་ཞིང་དམིགས་བསལ་གྱི་ཞིང་ལས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་འཚམ་པོ་ཡོད་ཅིང་། གཟན་རྩྭ་རང་ས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་ཡོད།
དེའི་རིང་ཡུན་ནན་ཝུའེ་སུང་བཟའ་བཅའ་ཚད་ཡོད་ཀུང་སིས་པེ་ཅིང་གྲོང་གསེབ་གསར་གསར་གཏོད་ཞིང་ལས་ཐོན་ལས་ཚད་ཡོད་ཀུང་སི་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།