བྱིས་པའི་བདེ་སྲུང་སྒོ་བསྟེན་སྨན་ཁང་དུ། ཕྲུ་གུས་སྐད་ཆ་མི་ཤོད་པ་དང་སྐད་ཆ་ཤོད་ཁག་པ་སོགས་ཀྱི་སྐོར་འདྲི་མཁན་གྱི་ཕྲུ་གུ་མང་དུ་འགྲོ་བཞིན་ཡོད། སྨན་པ་བསྟེན་རིང་སྨན་པས་ཁྱིམ་བདག་ལ་དུས་རྒྱུན་ཕྲུ་གུས་བརྙན་འཕྲིན་དང་ཁ་པར་ལྟ་བའི་དུས་ཚོད་རིང་མིན་སྐད་ཆ་འདྲི་སྐབས། ཁྱིམ་བདག་མང་པོས་འཕྱུག་པ་མེད་པའི་སྒོ་ནས་རང་གི་ཕྲུ་གུ་ཁ་པར་དང་བརྙན་འཕྲིན་ལ་དགའ་པོ་ཡོད་ཚུལ་དང་། ཁ་པར་དེ་བས་སྤྱོད་མཁས་ཚུལ་གླེང་བ་མ་ཟད། ཁ་པར་ལ་དབྱིངས་ཚུད་སྐབས་སྐད་ག་ཚོད་བཏང་ཡང་ཁ་ཡ་བྱེད་ཀྱི་མི་འདུག་ཅེས་ཤོད་ཀྱི་ཡོད། དོན་དངོས་སུ་ཕྲུ་གུ་འདི་དག་སྐད་ཆ་མི་ཤོད་པའམ་སྐད་ཆ་ཤོད་ཁག་པོ་ཁོ་ན་མིན་པར་ཕྲུ་གུའི་བསམ་ཤེས་ནུས་པ་དང་སྟངས་འཛིན་ནུས་པ་སོགས་ཐད་ལ་ཡང་སྐྱོན་ཆེན་པོ་བཟོ་ཡི་ཡོད།
ཁ་པར་སོགས་གློག་རྡུལ་ཐོན་རྫས་ཀྱིས་ཕྲུ་གུར་གནོད་པ་གང་དག་ཡོད་དམ།
ཕྲུ་གུའི་མིག་ཤེད་ཉམས་པ།
རང་གཅུན་གྱི་ནུས་པ་ཤོར་བ།
གཤིས་ཀར་ཤུགས་རྐྱེན་ཐེབས་པ།
ཕྲུ་གུ་ཞིག་འཕྲོ་བརླག་གཏོང་འདོད་ན། ཁ་པར་གཅིག་སྤྲད་ན་འགྲིག སྐད་ཆ་འདི་ནི་སྒྲོ་འདོགས་དང་འཇིགས་སྐུལ་བྱས་པ་ཞིག་གཏན་ནས་མིན། གློག་རྡུལ་ཐོན་རྫས་ཀྱིས་ཕྲུ་གུར་གནོད་པ་ཆེན་པོ་འདི་འདྲ་ཡོད་དུས་ང་ཚོས་ཇི་འདྲ་བྱེད་དགོས་སམ་ཞེ་ན།
ཁ་པར་ལ་ལྟ་ཡུན་ཐུང་དུ་གཏོང་བ།
ཕྲུ་གུ་དང་མཉམ་དུ་རྩེད་མོར་རོལ་བ།
ཁ་པར་ལྟ་ཡུན་ལ་ཚོད་འཛིན་བྱེད་པ།
གཞན་དང་རྩེད་མོ་རྩེ་བ།
རོལ་རྩེད་གཞན་གྱིས་ཁ་པར་གྱི་ཚབ་བྱེད་པ།