བདེ་ཆེན་གྱི་པར་བ་གསུམ་གྱི་བརྩམས་ཆོས་ལ་རྒྱལ་ཡོངས་ཀྱི་བྱ་དགའ་སྣ་མང་ཐོབ་འདུག

རྩོམ་པ་པོ།   སུང་ཞུའེ་པའོ།  ཡིག་བསྒྱུར།       དུས་ཚོད།   2021-11-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།  2021ལོའི་ཀྲུང་གོའི་རི་སྐྱེས་སྐྱེ་དངོས་པར་ལེན་ལོ་འཁོར་འགྲན་བསྡུར་གྱི་བྱ་དགའ་ཐོབ་པའི་མིང་ཐོ་ཐོན་པ་དང་།  བདེ་ཆེན་གྱི་ཕེང་ཅན་ཧྲིང་དང་དབྱང་ཐའོ།  ལི་ཀྲི་ཀང་བཅས་པར་བ་གསུམ་གྱི་པར་ལེན་བརྩམས་ཆོས་ལ་བྱ་དགའ་མང་པོ་ཐོབ་ཡོད།

            2021ལོའི་ཀྲུང་གོའི་རི་སྐྱེས་སྐྱེ་དངོས་པར་ལེན་ལོ་འཁོར་འགྲན་བསྡུར་གྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ནུས་ལྡན་བརྩམས་ཆོས་30301བསྡུ་རུབ་བྱས་པ་དང་།  ཐོག་མའི་དཔྱད་བསྡུར་དང་བསྐྱར་དཔྱད།  མཇུག་མཐའི་དཔྱད་བསྡུར་བཅས་དུས་རིམ་གསུམ་བརྒྱུད་དེ་མཐར་ཚན་ཁག་སོ་སོའི་མཐའ་སྐོར་བརྩམས་ཆོས་དང་ཚན་ཁག་སོ་སོའི་ཨང་དང་པོ་དང་ཨང་གཉིས་པ་ཁྱོན་བརྩམས་ཆོས་109དཔྱད་བསྡུར་འདེམས་བསྐོར་བྱས་པ་རེད།

            ཛ་དྲག་ཆེ་བའི་འགྲན་རྩོད་བྱས་རྗེས།  བདེ་ཆེན་གྱི་པར་བ་ཕེང་ཅན་ཧྲེང་གི་བརྩམས་ཆོས་འོ་འཐུང་སྲོག་ཆགས་ཚན་ཁག་གི་ཨང་གཉིས་པ་དང་རང་བྱུང་མཛེས་ལྗོངས་ཚན་ཁག་གི་ཨང་གཉིས་པ་ཐོབ་པ་དང་། དབྱང་ཐའོ་ཡི་བརྩམས་ཆོས་འོ་འཐུང་སྲོག་ཆགས་ཚན་ཁག་གི་ཕུལ་བྱུང་བྱ་དགའ་ཐོབ་པ། ལི་ཀྲི་ཀང་གི་བརྩམས་ཆོས་རྩི་ཤིང་འབུ་ཕྲ་ཚན་ཁག་གི་ཨང་གཉིས་པ་དང་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

        ཕེང་ཅན་ཧྲེང་། ཕོ།  བོད་རིགས།  1965ལོར་སྐྱེས་པ།  སེམས་ཀྱི་ཉི་ཟླ་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་།  སེམས་ཀྱི་ཉི་ཟླ་པར་བ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  སེམས་ཀྱི་ཉི་ཟླ་ས་མཐོའི་རྩི་ཤིང་གླིང་ཀའི་ལས་འཛིན་འགོ་གཙོ་གཞོན་པ།  ཧྭ་ཀྲུང་དགེ་འོས་སློབ་ཆེན་ཚེ་སྲོག་ཚན་རིག་ཁང་གི་གདན་ཞུས་དགེ་རྒན་ཆེན་མོ་བཅས་ཡིན། ཁོང་གིས་ཡུན་རིང་པོར་མཚོ་བོད་མཐོ་སྒང་དང་འཕྲེད་བཅད་རི་ཁུལ་དུ་གཟུགས་བརྙན་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་བྱེད་བཞིན་པ་དང་སྐྱེ་ཁམས་ཡུལ་སྐོར་གྱི་ཞིབ་འཇུག་དང་ལག་ལེན་སྤེལ་བཞིན་ཡོད།

ཕེང་ཅན་ཧྲེང་གི་བརྩམས་ཆོས།

འོ་འཐུང་སྲོག་ཆགས་ཚན་ཁག་གི་ཨང་གཉིས་པ།

རང་བྱུང་མཛེས་ལྗོངས་ཚན་ཁག་གི་ཨང་གཉིས་པ།

        དབྱང་ཐའོ།  རང་བྱུང་སྐྱེ་ཁམས་པར་བ།  2020ལོའི་ཀྲུང་གོའི་རི་སྐྱེས་སྐྱེ་དངོས་པར་ལེན་ལོ་འཁོར་འགྲན་བསྡུར་གྱི་རྩི་ཤིང་དང་འབུ་ཕྲ་ཚན་ཁག་གི་ཨང་གཉིས་པ་བླངས་མྱོང་བ་དང་།  ལོ་མང་པོའི་རིང་ལ་འཕྲེད་བཅད་རི་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་དོ་ཁུར་བྱས་པ་དང་པར་རྒྱག་པ།  བརྙན་མིག་གིས་རང་བྱུང་གི་མཛེས་སྡུག་དང་སྐྱེེ་ཁམས་ཀྱི་མཛེས་སྡུག་གསལ་བཤད་བྱེད་པར་འབད་པ་དང་། གསར་རྙེད་རང་བཞིན་གྱི་མཐོང་ཚོར་གྱིས་ལྟད་མོ་བའི་བརྩེ་དུང་སྟེང་གི་མཉམ་སྒྲོག་སློང་བ། གཟུགས་བརྙན་གྱི་སྟོབས་ཤུགས་ལ་བརྟེན་ནས་རང་བྱུང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་ཡོད།         

དབྱང་ཐའོ་ཡི་བརྩམས་ཆོས།

འོ་འཐུང་སྲོག་ཆགས་ཚན་ཁག་གི་ཕུལ་བྱུང་བྱ་དགའ།

 

            ལི་ཀྲི་ཀང་།  རང་བྱུང་སྐྱེ་ཁམས་པར་བ།  ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་དུ་ལས་འགན་བཞེས་ཡོད་པ་དང་།  ཡུན་རིང་པོར་གཙང་གསུམ་མཉམ་རྒྱུག་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་པར་ལེན་ནས་ཟིན་ཐོ་འགོད་པར་འབད་པ་དང་།  རྒྱལ་སྤྱིའི་སྐྱེལ་ཚལ་བརྙན་ལེན་པའི་འགྲན་བསྡུར་སྐབས་13པའི་རི་སྐྱེས་མེ་ཏོག་གི་མཛེས་ལྗོངས་རིགས་ཀྱི་གསེར་གྱི་བྱ་དགས་ཐོབ་མྱོང་པ་དང་།  ཁོང་གི་པར་ལེན་བརྩམས་ཆོས་མང་པོ་《སེམས་ཀྱི་ཉི་ཟླ་》དམིགས་བསལ་སྦྲག་རྟགས་འགྲེམས་སྤེལ་ནང་བདམས་ཐོན་བྱུང་ཡོད། 

ལི་ཀྲི་ཀང་གི་བརྩམས་ཆོས།

རྩི་ཤིང་འབུ་ཕྲ་ཚན་ཁག་གི་ཨང་གཉིས་པ།

རྩི་ཤིང་འབུ་ཕྲ་ཚན་ཁག་གི་ཕུལ་བྱུང་བྱ་དགའ།

རྩི་ཤིང་འབུ་ཕྲ་ཚན་ཁག་གི་ཕུལ་བྱུང་བྱ་དགའ།

རྩི་ཤིང་འབུ་ཕྲ་ཚན་ཁག་གི་ཕུལ་བྱུང་བྱ་དགའ།