བདེ་ཆེན་གྱིས་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ལྔའི་རིང་།རང་ཁུལ་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“རྩེ་གྲ་བཞིའི”ཚད་གཞི་ལྟར་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཁུལ་ཡོངས་ཀྱི་སྒུལ་ཤུགས་གཙོ་བོའི་ཐོན་ལས་སུ་གཏན་འཁེལ་བྱས་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་།རིག་གནས་དང་ཡུལ་སྐོར་ཐོན་ལས་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་བཏང་ནས“སེམས་ཀྱི་ཉི་ཟླ”དེ་ཕུགས་འདུན་ནས་རིམ་བཞིན་མངོན་འགྱུར་ཡོང་བ་བྱས་ཡོད།

    རྨང་གཞི་བརྟན་དུ་བཏང་བ། མིག་སྔར་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཡང་འཛུགས་སྐྲུན་མགྱོགས་སུ་གཏོང་བཞིན་ཡོད།ཁུལ་ཡོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དེས་ཡུལ་སྐོར་བས་བདེ་ཆེན་ཁུལ་དུ་ཡུལ་སྐོར་ཡོང་བར་སྟབས་བདེར་སྐྲུན་ཡོད། ཉི་ཤར་ནས་མཐའ་ཆུ་བར་གྱི་གཞུང་ལམ་སོགས་མཛེས་སྡུག་ལྡན་པའི་གཞུང་ལམ་ཁག་གཅིག་བསྐྲུན་པ་མ་ཟད།ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་རིམ་པའི་ཡུལ་སྐོར་གྲོང་ཁྱེར་དུ་བསྐྲུན་རྒྱུ་བརྩོན་ལེན་བྱས་པ་དང་།འབའ་ལུང་རྫོང་དང་འཇོལ་རྫོང་དེ“མཛེས་སྡུག་ལྡན་པའི་རྫོང་མཁར”དུ་བསྐྲུན་པ་རེད། དེ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་ད་དུང་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་བྱང་མའི་ལམ་ཐིག་ཏུ་རྡོ་མཁར་རྫོང་ཟླ་འོད་གྲོང་དང་།འབའ་ལྷག་དཀར་རྫོང་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་བ།ཁ་བ་དཀར་པོའི་པར་ལེན་གྲོང་རྡལ་ཆུང་བ།མཐའ་ཆུའི་ལྷ་ཕུ་སྣོད་བཅུད་ཡུལ་སྐོར་གྲོང་རྡལ་ཆུང་ངུ་སོགས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཁག་གཅིག་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད།

     སྤུས་ཚད་མཐོར་འདེགས་གཏོང་བ། རང་ཁུལ་གྱིས་ཡུལ་སྐོར་གྱི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་གི་ཡོད།སུམ་རྩེན་རིམ་སྤེལ་མགྲོན་ཁང་མཚོན་བྱེད་དུ་བྱས་པའི་རི་རྐེད་མགྲོན་ཁང་དེ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ཁྲོད་ཀྱི་ངོ་མཚར་ཞིག་ཏུ་གྱུར་ཡོད། གངས་རི་དང་།མཚེའུ།གདོད་མའི་ནགས་ཚལ།ཆུ་ཚན་བཅས་བརྗོད་བྱ་གཙོ་བོར་བྱས་ནས་རི་རྐེད་མགྲོན་ཁང་ཁག་གཅིག་བསྐྲུན་ནས་ཡུལ་སྐོར་བས་བཟའ་སྡོད་སྐྱོད་གསུམ་དང་རོལ་རྩེད་སོགས་ལ་འགན་ལེན་བྱས་ཡོད་པ་རེད།

    གཙོ་རྐང་ལ་གསོན་ཤུགས་བསྩལ་བ། “ཡུན་ནན་ལ་མཛེས་ལྗོངས་ཁུལ་གཅིག་ལས་མེད”ཅེས་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དམིགས་ཚད་ལ་དམིགས་ཏེ་མཛེས་ལྗོངས་ཁུལ་རྙིང་པའི་སྤུས་ཚད་མཐོ་རུ་གཏོང་བ། སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དང་།འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ།ཁ་བ་དཀར་པོའི་མཛེས་ལྗོངས་ཁུལ་བཅས་རྒྱལ་ཁབ་ཀྱི་5A རིམ་པའི་མཛེས་ལྗོངས་ཁུལ་གྱི་གསར་གཏོད་ལས་དོན་ལ་ཤུགས་སྣོན་རྒྱབ་ནས། སེམས་ཀྱི་ཉི་ཟླ་དེ་ཡུན་ནན་ནུབ་རྒྱུད་ཡུལ་སྐོར་སྐོར་ལམ་གྱི་Aརིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྲུན་པ།

    ལས་རྣམ་གསར་པ་སྤེལ་བ། རང་ཁུལ་གྱིས་ཧུར་ཐག་སྒོས་བར་སྣང་དམའ་བའི་ཡུལ་སྐོར་དང་།བྱ་བྱེའུ་གཙང་གསུམ་དུ་འབབ་པ་སོགས་ལས་རྣམ་གསར་པ་དང་ཐོན་རྫས་གསར་པ་བཅས་ནང་འདྲེན་བྱས་པ་དང་།ཁ་བ་དཀར་པོ་དང་།ཇ་རྟ་གནའ་ལམ།གཙང་གསུམ་མཉམ་བཞུར་སོགས་སྲོལ་རྒྱུན་རིག་གནས་ཀྱི་ཡུལ་སྐོར་སྤུས་རྟགས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ།བདེ་ཆེན་གྱི་རིག་གནས་ཡུལ་སྐོར་གཟུགས་བརྙན་ཇུས་འགོད་ཞིབ་ཚགས་བྱས་པ།བདེ་ཆེན་གྱི་ངེས་གནས་དང་འཚམ་པའི་ཡུལ་སྐོར་དྲིལ་བསྒྲགས་པར་གཞི་བཟོས་པ་རེད།

    བློ་རིག་མཉམ་འདྲེས་བྱས་པ། རང་ཞིང་ཆེན་གྱི“ལག་ཐོགས་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་བྱེད་པའི”མ་ལག་ལ་བརྟེན་ནས་རང་ཁུལ་གྱིས་བློ་རིག་ཡུལ་སྐོར་གྱི་དོ་དམ་ཞབས་ཞུའི་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་པ་དང་།ཁུལ་ནང་ཁུལ་དུ་གདོང་སྟོན་ནང་ཞུགས་དང་དྲ་ལམ་ནས་རླངས་འཁོར་གླ་པ། ཡུལ་སྐོར་ཞུ་གཏུག་རྒྱག་པ།དངོས་ཟོག་ཕྱིར་སློག་བྱེད་པ།རང་གཤིས་ཅན་གྱི་ལམ་ཐིག་གཏན་འཁེལ་སོགས་ཡུལ་སྐོར་ཞབས་ཞུ་རིམ་བཞིན་མངོན་འགྱུར་བྱུང་ནས་ཆུ་ཚོད་24ཡི་ནང་ཡུལ་སྐོར་ཞུ་གཏུག་དང་ཞུ་གཏུག་ཐག་གཅོད་ཐུབ་པ་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་95%ཡན་ཟིན་ཡོད་པ་རེད།

    མཉམ་འདྲེས་ལ་སྐུལ་འདེད་བཏང་བ། ཁུལ་ཡོངས་ཀྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ལོ་5ཡི་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། དུས་ཆེན་གྱི་རིག་གནས་ཏེ་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་དང་།དགའ་སྤྲོའི་ཤམ་བྷ་ལ།འཇོལ་གཞས་སོགས་རིག་གནས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་འཛམ་གླིང་སྐྱེ་བོ་ཀུན་ལ་བདེ་ཆེན་སེམས་ཀྱི་ཉི་ཟླའི་སྣ་མང་འོད་སྟོང་འཕྲོ་བའི་རིག་གནས་མངོན་པར་བྱས་ཡོད།