བོད་ལྗོངས་ཀྱི་དགུན་ཁར་སྐྱེ་སྟོབས་ཀྱིས་ཁེངས་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-25   རྩོམ་ཁུངས།    མི་དམངས་དྲ་བ།

        མི་དམངས་དྲ་བར་ལྷ་ས་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། མངའ་རིས་ས་ཁུལ་ནས་ནག་ཆུ་གྲོང་ཁྱེར་བར་གྱི་བོད་ཀྱི་ས་གནས་ཁག་ཏུ་རི་སྐྱེས་སྲོག་ཆགས་མང་པོ་ཡོད་པ་སྟེ།  ལམ་འགྲམ་ནས་རྟག་པར་གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་མང་པོ་མཐོང་ཐུབ་ཀྱི་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པར་གཞིགས་ན། དེ་སྔ་སྟོངས་ལ་ཉེ་བའི་གཙོད་ཀྱི་ཁྱུ་ཚོགས་ཁྲི་30ཙམ་སླར་གསོ་ཐུབ་ཡོད་པ་རེད། དེ་ནི་ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་རེད། 

     2012ལོ་ནས་བཟུང་། བོད་ལྗོངས་ཀྱིས《སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》 《རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུའི་སྐོར་གྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》སོགས་བཏོན་པ། ལྟ་ཞིབ་དང་ལྟ་ཞིབ་ཀྱི་དཔྱད་ཞིབ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་། 2020ལོའི་བར་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་814བཏང་ཡོད། 
     མཚོ་བོད་ས་མཐོ་ནི“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡིན་པ་དང་བོད་ལྗོངས་ནི་ཀྲུང་གོའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་བོད་ལྗོངས་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11དང་། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན4 རྒྱལ་ཁབ་ས་གཤིས་སྤྱི་གླིང་3 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་འདམ་རའི་སྤྱི་གླིང་22བཅས་ཡོད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་38.75%བཟུང་ཡོད། བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་1དང་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་5བཙུགས་ནས་བཀག་སྡོམ་རྒྱ་ཁྱོན་སྤྱི་ཆིང་ཁྲི་4.8ཟིན་ཡོད།