རྟ་ཐོག་གི་མངགས་གཏོང་ཁང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ལོ་ངོ་50ལྷག་ཙམ་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གཡག་རྭ་མངགས་གཏོང་ཁང་གི་མི་རབས་ནས་མི་རབས་བར་གྱི་མི་དམངས་ཉེན་རྟོག་པ་ཚོས་བློ་དཀར་སེམས་དཀར་ངང་ས་ཆ་དེར་སྲུང་སྐྱོབ་བྱས་པར་ས་མཐོའི་རྒོད་ཁྲ་དང་རྟ་ཐོག་གི་མངགས་གཏོང་ཁང་ཞེས་པའི་མཚན་སྙན་སྲིད་པའི་ཁམས་སུ་ཁྱབ།

        གཡག་རྭ་ཤང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་དུ་ཆགས་པ་དང་། ཡུན་ནན་དང་བོད་ལྗོངས། སི་ཁྲོན་བཅས་འབྲེལ་མཚམས་ཀྱི་འཕྲེད་རྒྱུག་རི་རྒྱུད་ས་ཁུལ་དུ་གནས་ཤིང་།རི་བོ་མཐོ་ལ་གྲོག་རོང་ཟབ་པ་དང་སྔོ་ཁེབས་ཉུང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3200ཟིན་པ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་4.7℃ཟིན་གྱི་ཡོད།

ཡུན་ནན་ཞིང་ཆེན་འཇོལ་རྫོང་གཡག་རྭ་མངགས་གཏོང་ཁང་གི་ཉེན་རྟོག་པ་ཡོངས།

        རྟ་ཐོག་གི་མངགས་གཏོང་ཁང་།

        1988ལོར་ང་རང་མངགས་གཏོང་ཁང་དུ་སླེབས་པ་དང་།སྐབས་དེ་དུས་གཡག་རྭ་ལ་ད་དུང་གཞུང་ལམ་མེད་པ་དང་། བྱང་སྣེའི་མཚམས་ནས་ལྷོ་སྣེའི་མཚམས་སུ་བསྐྱོད་དགོས་ཚེ། མི་དམངས་ཉེན་རྟོག་པས་འགྲོ་ཐེངས་གཅིག་ལ་ཉིན་10ལྷག་ཙམ་དགོས་པ་དང་། ཉེན་རྟོག་འགྲིམ་འགྲུལ་ཡོ་བྱད་གཅིག་པུ་དེ་ནི་གཡང་འགྲོ་ཞེས་པའི་རྟ་གཅིག་པུ་ཡིན་ཞེས་དེ་སྔ་གཡག་རྭ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ལྔ་པ་དང་སུའོ་ཀྲང་བདུན་པར་བསྐོས་པའི་ཨ་འགྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།

དུས་རབས་20པའི་ལོ་རབས་60པའི་དུས་མཇུག་གི་གཡག་རྭ་མངགས་གཏོང་ཁང་གི་དཀའ་ཚེགས་ཆེ་བའི་ཁོར་ཡུག

        དེ་ལྟར།མི་དམངས་ཉེན་རྟོག་པ་རྣམས་དང་རྟ་ཡིས་མཉམ་དུ་རི་མཐོ་གཡང་གཟར་དུ་ལོ་30ལྷག་ཙམ་བསྐྱོད་ཅིང་།དུས་རབས་20པའི་ལོ་རབས་60པའི་མཇུག་ནས་ད་བར་ཁོང་ཚོས་གཡག་རྭའི་ས་གཞི་ཐོག་ནས་དུས་དང་རྣམ་པ་ཀུན་དུ་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པས།“རྟ་ཐོག་གི་མངགས་གཏོང་ཁང་”ཞེས་པའི་མཚན་སྙན་ཡང་དེ་དང་བསྟུན་ནས་ཐོབ་པ་རེད།

        འགྱུར་མེད་ཀྱི་ཐོག་མའི་བསམ་འདུན།

        ཕྱིས་སུ།གཡག་རྭའི་འགྲིམ་འགྲུལ་ཡོ་བྱད་དེ་རྟ་ནས་འཕྲུལ་རྟར་བརྗེས། གཡག་རྭ་མངགས་གཏོང་ཁང་གི་ད་ལྟའི་སུའོ་ཀྲང་དོན་འགྲུབ་ཕུན་ཚོགས་ཀྱིས་ཡུལ་འདི་ནས་ལོ་ངོ་12ལ་བརྟན་སྲུང་བྱས་པ་དང་།ཁོང་གིས་གལ་སྲིད་ཁ་བ་བབས་པའི་སྐབས་སུ་འཕྲུལ་རྟ་བཞོན་དགོས་ཚེ། མི་གཉིས་ཀྱིས་གཞོགས་འདེགས་བྱེད་དགོས་ཏེ། མི་གཅིག་གིས་འཕྲུལ་འཁོར་བཞོན་དགོས་པ་དང་།གཞན་ཞིག་གིས་ལམ་འགྲམ་དུ་བྱེ་རྡོ་ཁུག་མ་གང་སྔོག་སྟེ་ལམ་རྒྱུད་དུ་བྱེ་རྡོ་གཏོར་ནས་དལ་གྱིས་མདུན་དུ་བསྐྱོད་དུ་འཇུག་བདེ་པོ་བྱེད་དགོས་ཞེས་འདས་སོང་གི་ལོ་རྒྱུས་ཕྱིར་དྲན་བྱེད་ཞོར་དུ་བཤད།

གཡག་རྭ་མངགས་གཏོང་ཁང་གི་ད་ལྟའི་སུའོ་ཀྲང་དོན་འགྲུབ་ཕུན་ཚོགས།

ཉེན་རྟོག་ལ་སྐྱོད་པའི་ལམ་བར་དུས་དང་རྣམ་པ་ཀུན་ཏུ་རྡོ་ཧྲུག་ལྷུང་སྲིད།

        ད་ལྟ་གཡག་རྭར་གཞུང་ལམ་ཤར་གཏོང་ཐུབ་ཀྱང་རི་ངོས་སུ་ཀྱག་ཀྱོག་དུ་ཡོད་པའི་གཞུང་ལམ་སྔར་བཞིན་གཡང་གཟར་བ་དང་། སྐབས་འགར་རླངས་འཁོར་ཆུང་བ་ཞིག་ལས་འགྲོ་ཐུབ་ཀྱི་མེད། འོན་ཀྱང་གྲོང་མིས་ཁ་པར་བརྒྱབ་ཚེ་ཉེན་རྟོག་པས་དཀའ་སྡུག་ལ་མི་འཛེམ་པར་རླངས་འཁོར་ཆུ་ཚོད་ཁ་ཤས་བཏང་ནས་གྲོང་མིའི་འགྲམ་དུ་དུས་ཐོག་ཏུ་སླེབས་ནས་དམངས་ཀྱི་དཀའ་ངལ་སེལ་རོགས་བྱས་པ་དང་།དོན་གྲུབ་ཀྱིས་མང་ཚོགས་གང་དུ་བསྡད་ན་ང་ཚོ་དེར་སླེབས་ཀྱི་ཡོད་ཅེས་བཤད་བྱུང་།

གཡག་རྭ་མངགས་གཏོང་ཁང་གི་མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་1087ཟིན་མོད། ཉེན་རྟོག་པ་10ཡང་ཟིན་གྱི་མེད་པ་རེད། ཐག་རིང་ཤོས་ཀྱི་གྲོང་མིའི་ཚོགས་ཆུང་དུ་འགྲོ་སྐབས་རླངས་འཁོར་ཆུ་ཚོད་7ལྷག་ལ་གཏོང་དགོས་པ་རེད། ཉེན་རྟོག་ལ་སྐྱོད་མཁན་གྱི་འགྲིམ་འགྲུལ་ཡོ་བྱད་ཇི་ལྟར་བརྗེ་ཡང་ཁོང་ཚོས་མི་དམངས་ལ་ཞབས་འདེགས་ཞུ་བའི་བློ་དཀར་སེམས་དཀར་གྱི་འགྱུར་མེད་དམ་ཚིག་ལ་འགྱུར་ལྡོག་སྤུ་ཙམ་ཡང་བྱུང་མེད་པར་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་བཞིན་ཡོད།

        སྤྲིན་སྣེའི་སྲུང་མཁན།

        གཡག་རྭའི་གྲོང་མི་ཚོས་ཉེན་རྟོག་པ་ཚང་མའི་ཁ་པར་ཨང་གྲངས་ངེས་ཀྱི་ཡོད་པས་སུ་ཚང་ལ་གནས་ཚུལ་གང་ཞིག་ཡོད་ཚེ་མི་དམངས་ཉེན་རྟོག་པར་ཁ་པར་རྒྱག་གི་ཡོད། གལ་ཏེ་གཟུགས་པོ་བདེ་པོ་མེད་ཚེ་ཉེན་རྟོག་པས་སྨན་སྐྱེལ་གྱི་ཡོད་པ་དང་།ཞིང་ལས་བྲེལ་བ་ཆེ་དུས་ཉེན་རྟོག་པས་ཞིང་འདེབས་རོགས་བྱེད་ཀྱི་ཡོད།ད་དུང་དངུལ་བསྡུས་ནས་སློབ་མ་དབུལ་པོར་སློབ་ཡོན་སྤྲོད་པ་སོགས་ཀྱི་ལས་དོན་ཆེ་ཆུང་སྣ་ཚོགས་ནང་ཞུགས་ཀྱི་ཡོད། མང་ཚོགས་ལ་དགོས་མཁོ་ཡོད་ཚེ་ཁོ་ཚོས་ནུས་ཤུགས་ཡོད་རྒུས་བསྒྲུབ་སྲིད།

གཡག་རྭ་མངགས་གཏོང་ཁང་གི་ཉེན་རྟོག་དག་ཉིན་ལྟར་སྤྱི་ལེ་20ལྷག་སྐོར་ཞིབ་བྱེད་དགོས།

        གཡག་རྭ་མངགས་གཏོང་ཁང་ལ་རྟ་ཐོག་གི་མངགས་གཏོང་ཁང་དང་སྤྲུན་སྣེ་སྲུང་མཁན་ཞེས་བརྗོད་ཀྱི་ཡོད་ལ།“ཡུན་ལིང་གི་མིག་དཔེ”དང“སྤྱི་བདེའི་མིག་དཔེའི”གཟི་བརྗིད་མཚན་སྙན་ཐོབ་ཡོད།