བདེ་ཆེན་ཁུལ་གྱིས་གྲོང་མིའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་བཅད

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

རླངས་འཁོར་འཇོག་ས་འདི་བསྐྲུན་པ་ཡག་པོ་འདུག   ང་ཚོས་སྔོ་ཚལ་ཉོ་བ་དང་ཟ་མ་ཟ་བར་སྟབས་བདེ་མང་པོ་བྱུང་བས་ཚང་མས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་ཕྱིན་སོང་ཞེས་ཟླ་12པའི་ཚེས་8ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་གཏད་ལམ་གྱི་རླངས་འཁོར་འཇོག་སར་རླངས་འཁོར་འཇོག་མཁན་གྱི་གྲོང་མི་ལི་རུན་མེ་ཡིས་དགའ་སྤྲོའི་ངང་གསར་འགོད་པར་སྐད་ཆ་འདྲི་འདྲ་ཞིག་ལབ་བྱུང་། 


     རླངས་འཁོར་འཇོག་ས་དེ་ནི་གཏེར་མ་རུང་ལམ་དུ་ཡོད་པ་དང་ལམ་རྒྱུད་དུ་ཚོང་ཁང་དང་ཚོང་པ་མང་བ་མ་ཟད་ཆུ་ཕར་ཁ་ཚོང་ལས་རྐང་ཐང་ཁྲོམ་གཞུང་དང་དེ་བཞིན་ཉི་གཏད་ལམ་ཞིང་ཟོག་ཁྲོམ་རར་ཡང་བར་ཐག་ཉེ་ཙམ་ཡོད་པས་སེམས་ཀྱི་ཉི་ཟླའི་གྲོང་མིའི་རྒྱུན་གཏན་བྱེད་སྒོའི་ས་ཁོངས་གལ་ཆེན་ཞིག་ཏུ་གྱུར་ནས་རླངས་འཁོར་འདུག་དཀའ་བ་དང་འགྲིམ་འགྲུལ་འགག་པའི་གནད་དོན་དེ་བས་ཚབས་ཆེན་ཡོད་པ་རེད།ད་ལོའི་ཟླ་6པར་ཉི་གཏད་ལམ་ལངས་གཟུགས་རླངས་འཁོར་འཇོག་ས་དངོས་སུ་སྤྱོད་འགོ་ཚུགས་པ་དེས་གྲོང་མིར་སྟབས་བདེ་བསྐྲུན་པ་དང་རླངས་འཁོར་འཇོག་ས་དེར་མ་དངུལ་སྒོར་ཁྲི་2300བཏང་བ་དང་སྤྱིའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་4500ཙམ་ཟིན་ཡོད།  ཨར་སྐྲུན་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་1414.12ཟིན་ནས་རིག་ནུས་ཅན་གྱི་འཕྲུལ་ཆས་ལངས་གཟུགས་རླངས་འཁོར་འཇོག་སའི་སྒྲིག་ཆས་སྤྱད་དེ་རླངས་འཁོར་275བཞག་ཆོག་པ་དང་ཇུས་འགོད་བྱེད་རིང་ས་གནས་དེ་གའི་གྲོང་མིའི་རླངས་འཁོར་སྤྱོད་པའི་གོམས་གཤིས་དང་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཏེ་ད་རུང་རླངས་འཁོར་ཆེ་རིགས་འཇོག་88བཀོད་སྒྲིག་བྱས་ཡོད།

    མིག་སྔར་སྨན་ཁང་དང་ལྗོངས་ཁུལ་ཁག་གཅིག  ཚོང་ལས་ཁུལ་སོགས་ཆ་རྐྱེན་འཛོམས་པའི་རླངས་འཁོར་འཇོག་སར་ཚད་ལྡན་ངང་ངང་རླངས་འཁོར་འཇོག་པ་དང་ཨང་རྟགས་ཕྱགས་ནས་འགྲོ་གྲོན་བསྡུ་བའི་འཛུགས་སྐྲུན་གྱི་བླང་བྱ་ལེགས་གྲུབ་ཟིན་ཡོད་པ་རེད།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁྱེར་སྲིད་གཞུང་གི་འགྲོ་ལམ་དབྱེ་འབྱེད་བྱས་པའི་རླངས་འཁོར་འཇོག་ས་དང་དེ་བཞིན་སྤྱི་སྤྱོད་རླངས་འཁོར་འཇོག་ས་ཚང་མར་རླངས་འཁོར་ཁ་བཀག་ནས་ཨང་རྟགས་བཤེར་བའི་འགྲོ་གྲོན་བསྡུ་བའི་དོ་དམ་མངོན་འགྱུར་བྱུང་བ་དང་འཇོལ་རྫོང་གི་རླངས་འཁོར་འཇོག་ས་7ལ་སྒོ་བཀག་མ་ལག་བཙུགས་པ་དང་འབའ་ལུང་རྫོང་གིས་རིག་ནུས་རླངས་འཁོར་འཇོག་ས་དང་ཨང་རྟགས་བཤེར་བའི་འགྲོ་གྲོན་བསྡུ་བའི་འབྲེལ་ཡོད་ལས་དོན་རིམ་བཞིན་སྤེལ་བ་ཡོད།མིག་སྔའི་བར་ཁུལ་ཡོངས་ཀྱི་གྲོང་ཁུལ་ནང་ཁྱོན་བསྡོམས་རླངས་འཁོར་འཇོག་གནས25320ཡོད་པ་རེད།དེའི་ནང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁྱོན་རླངས་འཁོར་འཇོག་གནས18586ཡོད་པ་དང་འཇོལ་རྫོང་དུ་ཁྱོན་རླངས་འཁོར་འཇོག་གནས2357འབའ་ལུང་རྫོང་དུ་ཁྱོན་བསྡོམས་རླངས་འཁོར་འཇོག་གནས་4377བཅས་ཡོད།