སེམས་ཀྱི་ཉི་ཟླའི་རྒུན་ཆང་གི་དྲི་ཞིམ་ཡུའེ་ཀང་ཨའོ་ཏ་ཝན་ཁུལ་དུ་ཁྱབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་12་པའི་ཚེས་22་ཉིན།  སེམས་ཀྱི་ཉི་ཟླའི་རྒུན་ཆང་རིག་གནས་དུས་ཆེན་དང་བདེ་ཐང་སྤུས་ལེགས་ཐོན་རྫས་མཚོ་ཁུག་ཏུ་འདྲེན་པའི་བྱེད་སྒོ་ཀོང་ཀྲོའུ་སེམས་ཀྱི་ཉི་ཟླའི་མགྲོན་ཁང་ཆེ་མོར་གཉེར་བ་དང་ཝན་ཁུལ་ནས་ཡོང་བའི་ཁེ་ལས་ཉིས་བརྒྱ་ལྷག་ཙམ་ཞུགས་ཡོད།  བྱེད་སྒོ་དེ་སེམས་ཀྱི་ཉི་ཟླའི་རྒུན་ཆང་གཙོ་གནད་དུ་བྱས་ནས་འགྲེམས་སྟོན་དང་འགྲེམས་ཚོང་བྱས་ཏེ་སེམས་ཀྱི་ཉི་ཟླའི་རྒུན་ཆང་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་ཀོང་ཏུང་དང་ཤང་ཀང་ཨའོ་མོན་ས་ཁུལ་གྱིས་བདེ་ཆེན་ལྗང་མདོག་ཞིང་ལས་ཐོན་ལས་ལ་མ་འཇོག་བྱེད་པའི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་ཡུན་ནན་དང་ཀོང་ཏུང་ཞིང་ཆེན་གཉིས་ཀྱི་ཁེ་ལས་ལ་མཉམ་ལས་ཟམ་པ་བསྐྲུན་པ་དང་ཡུན་ནན་གྱི་ཐོན་རྫས་ཀོང་ཏུང་སོགས་འདྲེན་པའི་ཐབས་ལམ་རྒྱ་ཆེར་བཏང་བ་རེད། 

         བྱེད་སྒོ་སྤེལ་ཡུལ་དུ་རྒུན་ཆང་རིག་གནས་འགྲེམས་སྟོན་དང་བདེ་ཐང་སྤུས་ལེགས་འགྲེམས་སྟོན་གྱི་འགྲེམས་ཁུལ་ཆེན་པོ་གཉིས་བཙུགས་ཡོད་པ་དང་སྐུ་མགྲོན་ཚོས་ཆང་གིས་མྱོས་པའི་ཡུའེ་ཞོན་ཉི་ཧྲི་ཨའོ་ཡུན་དང་འཕགས་པའི་ལྷ་ཞེས་པའི་འཁྱགས་ཆང་སོགས་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་དྲི་ཞིམ་བྲོ་བ་མྱོང་བཞིན་ཡོད་ཅིང་། ད་རུང་ཐང་ག་དང་། ཤིང་ཕོར། རྫ་མ། འབྲི་གཡག་ཤ་སྐམ། བེ་ཤ། སྐྱེ་ལྡན་སྦྲང་རྩི། སྟར་ཀའི་སྣུམ། སྐྱུ་རུའི་ཚི་སྣུམ་སོགས་སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་དང་ལྗང་མདོག་ཟས་རིགས་བརྒྱ་ལྷག་ཤེས་ཐུབ།

        རྒུན་འབྲུམ་ཐོན་ལས་དེ་བདེ་ཆེན་ཁུལ་གྱི་གཙོ་གནད་ཐོག་རོགས་སྐྱོར་བྱེད་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་གཙོ་གནད་ཐོག་སྐྱེད་སྲིང་དང་རོགས་སྐྱོར་ཐོབ་ནས་ལོ་20ལྷག་ཙམ་སོང་བ་དེས་བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་སྲ་བརྟན་ནུས་ལྡན་བྱུང་བ་དང་ཆབས་ཅིག་སེམས་ཀྱི་ཉི་ཟླའི་ཕྱི་ཕྱོགས་ཀྱི་མཛེས་སྡུག་ལྡན་པའི་མིང་བྱང་གཞན་ཞིག་ཏུའང་གྱུར་ཡོད་པ་དང་མིག་སྔར་བདེ་ཆེན་ཁུལ་གྱི་ཆང་སྙོལ་རྒུན་འབྲུམ་འདེབས་ཁྱོན་མུའུ་ཁྲི་2ཙམ་ཟིན་པ་དང་ལོ་རེར་རྒུན་འབྲུམ་ཏུན་7000ལྷག་ཙམ་ཐོན་གྱི་ཡོད། ལོ་རེར་རྒུན་འབྲུམ་ཨ་རག་ཏུན་4000ལྷག་ཙམ་ལས་སྣོན་དང་ཐོན་སྐྱེད་བྱས་པ་དང་རྒུན་འབྲུམ་འདེབས་འཛུགས་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་དུད་ཚང་5000ལྷག་ཙམ་གྱི་ཞིང་པ་ཁྲི་2ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་ལོ་མང་རིང་བདེ་ཆེན་ཁུལ་གྱིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླའི་ཨ་རག་ལས་རིགས་སོགས་སྣེ་འདྲེན་ཁེ་ལས་རྒུན་འབྲུམ་ཐོན་ལས་གསར་སྤེལ་ནང་ཞུགས་ནས་ཐུན་མོང་མ་ཡིན་པའི་སེམས་ཀྱི་ཉི་ཟླའི་རྒུན་འབྲུམ་ཨ་རག་རིམ་བཞིན་ཆགས་ཡོད།