བདེ་ཆེན་གྱི་མི་ཁྲི2ལྷག་གིས་གློག་རྡུལ་ཁ་ལོ་བའི་ལག་ཁྱེར་བླངས་ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་6ཉིན་གློག་རྡུལ་ཁ་ལོ་བའི་ལག་ཁྱེར་དྲ་ཐོག་རེ་ཞུའི་ལས་སྒོ་བདག་སྤྲོད་བྱས་པ་ནས་ཟླ་12པའི་ཚེས་21ཉིན་གྱི་བར་དུ།  ཁུལ་ཡོངས་སུ་རེ་ཞུ་མི་གྲངས་26704ཟིན་པ་དང་ཁུལ་ཡོངས་རླངས་འཁོར་གཏོང་མཁན་གྱི་20.7%ཟིན་ཡོད་ལ།  ལས་སྒོ་བདག་སྤྲོད་བྱེད་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད།

        ཤེས་གསལ་བྱུང་དོན།  འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་ཁྱེར་གློག་རྡུལ་ཅན་གཏོང་བ་ནི་རྒྱ་ཆེ་བའི་མང་ཚོགས་དག་གིས་དོ་སྣང་ཆེན་པོ་བྱེད་པའི་སྒྱུར་བཅོས་བྱེད་ཐབས་ཞིག་ཡིན་ལ།  ཁ་ལོ་བ་དག་གིས་འགྲིམ་འགྲུལ་དོ་དམ་12123ཞེས་པའི་APPབརྒྱུད་ནས་གློག་རྡུལ་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་ཆོག་པ་དང་དེ་ནི་ཤོག་བུའི་ལག་ཁྱེར་དང་བཅའ་ཁྲིམས་ཀྱི་ནུས་པ་འདྲ་མཚུངས་ཡོད། གློག་རྡུལ་ཁ་ལོ་བའི་ལག་ཁྱེར་གྱི་རྣམ་པ་རྒྱལ་ཡོངས་གཅིག་གྱུར་ཡིན་པ་དང་།  ལག་ཁྱེར་དེ་ནི་རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གློག་རྡུལ་ལག་ཁྱེར་མ་ལག་བརྒྱུད་ནས་གྲུབ་པ་ཡིན།  འགུལ་རྣམ་ལས་ཁ་ལོ་བའི་ལག་ཁྱེར་གྱི་རྣམ་པ་མངོན་ཡོད་པས་དུས་ཐོག་ཏུ་འདྲི་རྩད་དང་དུས་ཐོག་དུ་སྟོན་པ།  དུས་ཐོག་ཏུ་ཞིབ་བཤེར་ལ་སྟབས་བདེ་ཡོད།  དུས་མཚུངས་སུ་གྲངས་ཀའི་མིང་རྟགས་རྫུན་འགོག་ལག་རྩལ་སྤྱད་ཡོད་པས་གཡོ་བཅོས་དང་རྫུན་བཟོ་བྱེད་རིགས་སྔོན་འགོག་ནུས་ལྡན་བྱེད་ཐུབ།   

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཐད་གཏོགས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཁྲེན་ཡན་པོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།  ཧུར་ཐག་སྒོས་གློག་རྡུལ་ལག་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཁྱབ་ཁོངས་ནང་བེད་སྤྱོད་པར་སྐུལ་འདེད་གཏོང་བའི་ཟླ་བ་ཕྱེད་ཀའི་ལམ་བཤེར་གོ་རིམ་ཁྲོད།  གློག་རྡལ་ཁ་ལོ་བའི་ལག་ཁྱེར་སྤྱོད་མཁན་རིམ་བཞིན་མང་དུ་ཕྱིན་ཡོད་པ་དང་།  ཁ་ལོ་བ་དག་གིས་དྲ་ཐོག་ནས་ལག་ཁྱེར་སྟོན་ནས་ཞིབ་བཤེར་དང་ལེན་བྱེད་ཆོག  གློག་རྡུལ་ཁ་ལོ་བའི་ལག་ཁྱེར་བེད་སྤྱོད་བྱེད་པ་དེ་འགྲིམ་འགྲུལ་ཉེན་རྟོག་པའི་ལས་ཀའི་ལས་ཆོད་ཆེ་རུ་གཏོང་ཡོད་པ་མ་ཟད་མང་ཚོགས་དག་འགྲོ་སྐྱོད་ཀྱི་བྱ་བ་སྒྲུབ་པའི་སྟབས་བདེ་ཡང་ཆེ་རུ་གཏོང་ཡོད་པ་རེད།