བསྟན་འཛིན་ཡེ་ཤེས་རྒྱལ་ཡོངས་ལ་སྐད་གྲགས་ཆོད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-03   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།


        བོད་ཀྱི་ལྷ་མོར་ཞིབ་འཇུག་དང་སྒྲ་སྙན་གྱི་བསམ་གྱི་མི་ཁྱབ་པའི་ནུས་པར་འཚོལ་ཞིབ་བྱེད་པའི་བསྟན་འཛིན་ཡེ་ཤེས་ཀོང་ཏུང་བརྙན་འཕྲིན་གྱིས་བཟོས་པའི་ཀྲུང་གོའི་ཕུལ་བྱུང་རོལ་དབྱངས་འགྲན་རྩོད་༼རྒྱལ་ཁབ་ཀྱི་རོལ་ཆས་དོ་ར་༽ཐེངས་བཞི་པའི་ནང་གདན་ཞུས་ལྟར་ཞུགས་ཡོད། ཁོས་སྒྲ་སྙན་དང་ལྷ་མོ་གཞི་གཅིག་ཏུ་སྦྲེལ་ཏེ་ཁོར་སྲུང་བརྗོད་གཞིའི་རོལ་དབྱངས་ཟློས་གར་ལམ་ནས་རང་བྱུང་ཁམས་དང་ཞི་མཐུན་མཉམ་གནས་ཀྱི་འཚོ་བའི་ནང་སེམས་ཀྱི་བརྩེ་བ་མཚོན་ཡོད། 

        从事藏戏研究和探索扎念的N种可能的旦增益西受邀参加广东卫视制作的大型原创中国经典音乐竞演节目《国乐大典》第四季,他以琴与戏相融,以环保主题音乐剧展露热爱自然、与天地为伴的内心情感。

图片

        ༼རྒྱལ་ནང་གི་རོལ་ཆས་དོ་ར་༽ཐེངས་བཞི་པར་རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་བདམས་ཐོན་པ་ཚང་མ་མཉམ་དུ་འཛོམས་ཡོད། བསྟན་འཛིན་ཡེ་ཤེས་བོད་ཀྱི་རོལ་ཆ་བ་ཞིག་ཡིན་པའི་ངོས་ནས་དེའི་ནང་ཞུགས་ཏེ་བོད་ཀྱི་རོལ་ཆས་དང་རིག་གནས་ཁྱབ་སྤེལ་བྱས་ཡོད། 

        བསྟན་འཛིན་ཡེ་ཤེས་ཀྱི་འཁྲབ་སྟེགས་འཁྲབ་སྟོན་ཐོག་མ་ཟླ་༡ཚེས་༡ཉིན་གྱི་དགུང་མོའི་ཆུ་ཚོད་༢༡དང་སྐར་མ་༡༠ཐོག་ཀོང་ཏུང་བརྙན་འཕྲིན་ནས་བསྟན་པ་རེད། འཁྲབ་སྟོན་ནང་བསྟན་འཛིན་ཡེ་ཤེས་ཀྱིས་བབ་ཆགས་སེམས་བཟང་གི་སྐྲ་དཀར་རྒན་པོ་འཁྲབ་ཅིང་། ཁོའི་སྒྲ་སྙན་དང་ལྷ་མོ་གཞི་གཅིག་ཏུ་སྦྲེལ་ཏེ། སྲོལ་རྒྱུན་ལྷ་མོ་བརྒྱུད་ནས་ཞི་མཐུན་མཉམ་གནས་ཀྱི་སྒོ་ནས་སའི་གོ་ལར་སྲུང་སྐྱོབ་བྱེད་པའི་རང་བྱུང་གླུ་དབྱངས་ཤིག་བྲིས་ཏེ། ཚེ་སྲོག་གི་གུས་བཀུར་དང་འབོད་སྒྲ་མཚོན་པར་བྱས་ཡོད། 

        《国乐大典》第四季聚集了来自全国各地的选手,旦增益西作为藏族的乐手参与其中去传播西藏的乐器和文化。

        旦增益西的初舞台表演《洁心之旅·混沌》1月1日晚上21点10分在广东卫视播出,表演中旦增益西化身淳朴善良的银发老人,他以琴与戏相融,通过传统藏戏,谱写一曲与天地为伴、守护地球母亲的自然之歌,表达对生命的敬意和呼唤。

图片

        ངེད་ལས་ཁུངས་ཀྱི་གསར་འགོད་པས་བསྟན་འཛིན་ཡེ་ཤེས་ལ་༼རྒྱལ་ཁབ་ཀྱི་རོལ་ཆས་དོ་ར་༽ཡི་ནང་ཞུགས་དོན་གང་ཡིན་སྐོར་ལ་བཅར་འདྲི་ཞུ་སྐབས། ཁོས་གཅིག་ནས་སྟེགས་བུ་འདི་བརྒྱུད་དེ་ཕུལ་བྱུང་གི་རོལ་དབྱངས་དགེ་རྒན་ཁག་ཅིག་དང་ངོ་ཤེས་ནས་ཁོ་ཚོར་སློབ་སྦྱོང་བྱས་ཏེ། སྒྲ་སྙན་གྱི་བསམ་གྱི་མི་ཁྱབ་པའི་ནུས་པ་འཚོལ་བ་དང་། གཉིས་ནས་སྒྲ་སྙན་དང་ལྷ་མོ་རྒྱལ་ཡོངས་ཀྱི་གཟིགས་མོ་བའི་སྤྱན་ལམ་དུ་བཤམས་ཏེ། རྒྱལ་ཡོངས་མི་དམངས་ལ་སྒྲ་སྙན་གྱི་མཛེས་པ་ཤེས་སུ་འཇུག་རྒྱུ་དེ་ཡིན་ཟེར།

        本台记者采访旦增益西为什么参加《国乐大典》时,他回答说:“这次参加国乐大典,首先,主要是想通过这个平台去结识更多优秀的老师,向他们学习,发现扎年的N种可能性。其次,也是想把扎年与藏戏推向全国观众,让全国人民发现它们的美。”

图片

        བསྟན་འཛིན་ཡེ་ཤེས་ནི་ལྷ་ས་བ་ཞིག་ཡིན་ཞིང་། སྒྱུ་རྩལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། སྤོ་ལགས་སྒྲ་སྙན་གཏོང་མཁན་དང་རྨོ་ལགས་ཞབས་བྲོ་བ། པ་ལགས་ཨོག་ལེན་ཆེ་བ་གཏོང་མཁན་དང་ཨ་མ་ལགས་ཨོག་ལེན་ཆུང་བ་གཏོང་མཁན་ཡིན་པ་རེད། སྲོལ་རྒྱུན་དང་དེང་རབས། ཕ་ཡུལ་དང་རྒྱལ་སྤྱི་མཉམ་འདྲེས་ཀྱི་ཁོར་ཡུག་དེའི་ནང་ཁོ་ཆུང་དུས་ནས་རོལ་ཆས་སྣ་ཚོགས་ལ་འབྲེལ་འདྲིས་བྱུང་ཡོད། བསྟན་འཛིན་ཡེ་ཤེས་ཀྱིས་རང་སྨྱན་སྦྱོར་ཐོག་སྒྲ་སྙན་གྱི་གཏོང་སྟངས་སྣ་ཚོགས་སྤེལ་བ་དེར་མི་མང་པོས་མཉེས་པོ་གནང་ཡོད།

        འཚོ་གནས་ཀྱི་ཁོར་ཡུག་དང་སྒྱུ་རྩལ་ཁྱིམ་ཚང་གི་བག་ཆགས་བཟང་པོའི་འོག ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་དུ་ཞིབ་འཇུག་སློབ་མ་བྱེད་རིང་། བསྟན་འཛིན་ཡེ་ཤེས་ཀྱིས་ལྷ་མོའི་ཞིབ་འཇུག་དང་། ལྷ་མོའི་འཁྲབ་སྟོན། ལྷ་མོ་ཁྱབ་སྤེལ་ནང་དབྱིངས་ཚུད་འགོ་ཚུགས་ཤིང་། ད་ལྟ་ལྷ་མོའི་ཐད་ཁོར་ཕུལ་དུ་བྱུང་བའི་གྲུབ་འབྲས་མང་པོ་ཐོབ་ཡོད། 

        旦增益西是土生土长的拉萨人,出生在一个艺术世家,爷爷是专业的扎年演奏员,奶奶是舞蹈演员,父亲是大提琴演奏员,母亲是小提琴演奏员,这种传统与现代、本土与国际的混搭使他从小可以在家接触各种乐器。旦增益西在自媒体平台上发布扎念的N种弹奏法,得到了业内外很多人的喜爱。

        成长环境的影响和艺术家庭的熏陶,中央民族大学藏学院读硕士期间,旦增益西开始着迷于研究藏戏、表演藏戏、传播藏戏,现阶段也得到了藏戏方面的很多优异成果。

图片

        ང་ཚོས་བསྟན་འཛིན་ཡེ་ཤེས་ཀྱིས་༼རྒྱལ་ཁབ་ཀྱི་རོལ་ཆས་དོ་ར་༽ཡི་གར་སྟེགས་ཐོག་འཁྲབ་སྟོན་གང་ལེགས་བྱེད་པར་རེ་སྒུག་བྱས་ཡོད།

        我们期待旦增益西在《国乐大典》上的更多精彩!