རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-06   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཉེ་བའི་ལོ་འགའི་རིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གིས་རིག་གནས་དང་ཡུལ་སྐོར། ལུས་རྩལ། ཞིང་ལས། ཚོང་པ་བཅས“ཕྱོགས་ལྔ་གཞི་གཅིག”གི་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་།
ལོ་ལྔའི་རིང་། ལི་ཐང་རྫོང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.9བཏང་ནས་རྒྱལ་ཁབ་ཀྱིA4རིམ་པ་དངA3རིམ་པའི་མཛེས་ལྗོངས་ཁུལ2བཏོད་དེ་རིག་གནས་ཡུལ་སྐོར་ཐོན་ཁུངས་ས་ཚིགས5231སྔོག་འདོན་བྱས་པ་དང་། སྙན་ངག་དུས་ཆེན་དང་ལི་ཐང་གི“བརྒྱད་གཅིག”རྟ་རྒྱུག་དུས་ཆེན། ལམ་ཕྱེད་མ་ལ་སུན་རྒྱང་རྒྱུག་འགྲན་བསྡུར། རྐང་འཁོར་བཞོན་ནས་མཁའ་ལམ་སྒྲོལ་བ། G318གཞུང་ལམ་གྱི་དབུ་ཚོགས། དཀར་མཛེས་རི་ཁུལ་གྱི་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ཀྱི་བྱ་འགུལ་སྐབས་བཞི་སྤེལ་ནས། དྲང་ཕྱོགས་ནས“བསྟན་འཛིན་གྱི་སྨྱན་སྦྱོར་གསར་པའི་སྣང་ཚུལ”ལ་ཁྲིད་སྟོན་མཛད་དེ་དྲ་རྒྱའི་བཞུར་ཚད་དེ་འགྲུལ་བའི་གྲངས་འབོར་དུ་བསྒྱུར་པ་རེད།
ཇ་རྟའི་ཚོང་ལམ་གྱི་བབས་ཚུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལི་ཐང་གི་དེང་རབས་ཚོང་དོན་ཟོག་འགྲེམས་ལས་རིགས་ཀྱང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཕྱིན་ཏེ། ཀྲུའུ་ཧའེ་དང་ཁྲེང་ཏུའུ་གྲོང་ཁྱེར་དུ“མཁའ་དབྱིངས་ཀྱི་གྲོང་ཁྱེར·ལི་ཐང”ཞེས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་གི་ཉམས་ལེན་ཚོང་ཁང་o2oབཙུགས་པ་དེ་ཡིས་བྱེད་ཐབས་སྣ་མང་སྒོས་བསྡོམས་པས་ཞིང་ལས་ཁྱད་ལྡན་ཐོན་རྫས་སྒོར་དུང་ཕྱུར2.91བཙོངས་པ་མ་ཟད། “རྒྱལ་ཁབ་རིམ་པའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང”བཏོད་དེ་ཞིང་ལས་ཁྱད་ལྡན་ཐོན་རྫས་རིགས110ལྷག་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས་བྲིན་ཚོང་བྱས།
གཞན་ཡང་ལི་ཐང་རྫོང་གིས་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་གྲོང་ཁྱེར་བསྐྲུན་པ་ནས་མགོ་བརྩམས་ཏེ“ཡིད་དབང་འཕྲོག་པའི་རྫོང་གྲོང”དང“ཡུལ་སྲོལ་གོམས་གཤིས་ལྡན་པའི་གྲོང་རྡལ” ། “མཛེས་སྡུག་ལྡན་པའི་གྲོང་སྡེ”བཅས་བསྐྲུན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བསྡོམས་པས་བརླན་ས་སླར་གསོ་དང་ཕྱུགས་བསྐྱུར་རྩྭ་གསོ། ཕ་ཡུལ་གྱི་རྩྭ་སོན་རྟེན་གཞི་འཛུགས་སྐྲུན། རང་བྱུང་རྩྭ་ཐང་མུའུ་ཁྲི37.8ལེགས་བཅོས་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་སྡོང་རྐང་ཁྲི30ལྷག་གི་སྡོང་འཛུགས་ནགས་སྐྲུན་བྱས་པ་རེད། “གཙང་ཆུ་ཇེ་གཙང་དང་། ངོགས་སྲུང་། ཆུ་སྲུང་། ཆུ་གཙང་བཅས”ཀྱི་བྱ་སྤྱོད་བཞི་རྒྱུན་རྣམ་ཅན་དུ་གྱུར་ནས། མ་དངུལ་སྒོར་དུང་ཕྱུར1.14བཏང་སྟེ་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་། འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་བཟོ་གྲྭ། “གསང་སྤྱོད་གསར་བརྗེ”སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས།
2021ལོར་ལི་ཐང་རྫོང་མི་དམངས་སྲིད་གཞུང་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི“རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཚོགས་པའི”མཚན་སྙན་ཐོབ་པ་རེད། ལི་ཐང་རྫོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཟང་པོའི་སྟེང་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་བསྣན་ནས་སྔོན་ཆད་ཀྱི་ས་ཁུལ་དབུལ་བོ་དེ་གྲོང་གསེབ་དར་སྤེལ་གྱི་ལམ་ཆེན་དུ་སྐྱོད་བཞིན་ཡོད། །