མཛོད་དགེ་རྫོང་གིས་རི་སྔོ་ཆུ་དྭངས་ཀྱི་མཛེས་པའི་ཁོར་ཡུག་སྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-07   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

3.jpg


4.jpg


5.jpg

པར་འདི་དག་ནི་མཛོད་དགེ་རྫོང་གི་རང་བྱུང་མཛེས་ལྗོངས་རེད།

    ཉེ་བའི་ལོ་ལྔའི་རིང་། རྔ་བ་ཁུལ་མཛོད་དགེ་རྫོང་གིས་ཏན་ཏིག་གིས“བཅོས་སྐྱོང་བདུན”གྱི་རྣམ་གྲངས་ཐད་སྐུལ་འདེད་བཏང་ནས། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར9.9བཏང་པ་བརྒྱུད། གཏིང་ཟབ་པའི་ངང་རྩྭ་ཐང་གི་བརླན་ས་སླར་གསོ་དང་། བྱེ་འགྱུར་བཅོས་སྐྱོང་སོགས་ཀྱི་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པས། ནུས་པ་ལྡན་པའི་སྒོ་ནས་རིགས་སོ་སོའི་བྱེ་འགྱུར་ས་ཆ་དང་ས་ནག་ཐང་མུའུ་ཁྲི43བཅོས་སྐྱོང་བྱས་ཏེ། བྱེ་འགྱུར་ས་ཆའི་ལོ་རིམ་འཕར་ཚད2015ལོའི5.32%ནས1.36%ཏུ་མར་ཆག་པ་རེད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད84%ཟིན་ནས་སྤང་ལྗོངས་མངོན་གསལ་དོད་པོས་རྒྱ་ཇེ་ཆེ་རུ་ཕྱིར་ཡོད།

གཞན་ཡང་མཛོད་དགེ་རྫོང་གིས་ཤུགས་ཆེན་པོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་དང་ཁོངས་ཡོངས་སུ་གད་སྙིགས་མེད་པ། སྤྱོད་ཁང་གསར་བརྗེ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་དག་ཐེར་སོགས་ཀྱི་ཆེད་དམིགས་འགག་སྒྲོལ་བྱ་འགུལ་སྤེལ་ཏེ། ཉིན་རེར་ཐག་གཅོད་བྱེད་ཚད་སོ་སོར་ཏུན3500དང་ཏུན1500ཟིན་པའི་བཙོག་ཆུ་གཙང་སེལ་བཟོ་གྲྭ2སྐྲུན་པ་བརྒྱུད། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་མ་ལག་ཐོག་དང་པོར་འཐུས་ཚང་དུ་བཏང་བ་མ་ཟད། འཚོ་བའི་གད་སྙིགས་གནོད་མེད་ཅན་དང་བཙོག་ཆུ་གཙང་སེལ་བྱེད་ཚད75%ལས་བརྒལ་ཡོད། གྲོང་གསེབ་ཀྱི་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་གཏན་ནས་མི་འཕར་བ་མངོན་འགྱུར་བྱུང་བ་དང་། མཁའ་རླུང་གཙང་བའི་ཉིན་གྲངས99.7%ཟིན་པས། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་སྐྱེ་ཁམས་སྲུང་ཡོལ་ཉིན་བཞིན་ཇེ་བརྟན་དུ་གྱུར་བ་རེད། །