རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
2021ལོར་བདེ་ཆེན་ཁུལ་གྱིས་མ་འཇོག་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། ཞབས་ཞུའི་ཁེ་ལས་ལ་ཤུགས་སྣོན་རྒྱག་པ། ཚོང་འགུགས་མ་འདྲེན་དང་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ནས། ཁུལ་ཕྱིའི་ནང་འདྲེན་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་82ཟིན་པས། རང་ཁུལ་གྱིས་སྒོ་དབྱེ་དང་མཉམ་ལས་བྱེད་རྒྱུ་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།
འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཚོང་འགུགས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། 2021ལོར་ཁུལ་ཡོངས་ཀྱི་ཏང་སྲིད་ཀྱི“འགོ་ཁྲིད་ཨང་དང་པོས”ཁེ་ལས་ལ་རྟོག་ཞིབ་དང་། རྣམ་གྲངས་འབྲེལ་མཐུད། འཚམས་འདྲི་སྣེ་ལེན་བཅས་ཐེངས་34བྱས་པ་དང་། གཙོ་གནད་ཐོག་ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཀུང་སི་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་། ཀྲུང་གོ་འཁོར་རྒྱུག་དངུལ་ཁང་ཡུན་ནན་ཀུང་སི། ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་ཚོགས་པ་སོགས་ཁེ་ལས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་དོན་ཚན་ཐད་གྲོས་མོལ་བྱས་ནས། ཁུལ་ཡོངས་ཀྱི་ཕྱི་ཕྱོགས་མ་དངུལ་སྤྱོད་པའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
གཙོ་གནད་ཐོན་ལས་ལ་དམིགས་ནས། ཐུམ་སྒྲིལ་གྱིས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བཏང་བ། གཙོ་གནད་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་བཀོད་པ་དང་གལ་ཆེའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཇུས་འགོད་དང་། ཐུམ་སྒྲིལ། ཁྱབ་གདལ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཡིད་དབང་འཕྲོག་ནུས་ཆེ་བ་དང་། གནད་ལ་འཁེལ་བ། སྣེ་ཁྲིད་རང་བཞིན་ཆེ་བ། མཐུན་ཆ་ཆེ་བ་བཅས་ཀྱི་གཙོ་གནད་ཚོང་འགུགས་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་གྲབས་གསོག་ཞིབ་ཚགས་བྱས་ཡོད། 2021ལོར་ཁུལ་ཡོངས་ཀྱི་གཙོ་གནད་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་62གཤོང་བཅོས་བྱས་པ་དང་། རྣམ་གྲངས་15ཡི་གཙོ་གནད་ཐུམ་སྒྲིལ་ལས་དོན་ལེགས་སྒྲུབ་བྱས་པའི་ནང་རྣམ་གྲངས་4ལོ་འཁོར་གྱི་ཞིང་ཆེན་རིམ་པའི་གཙོ་གནད་ཐུམ་སྒྲིལ་དང་དེ་བཞིན་འོས་སྦྱོར་ངོ་སྤྲོད་རྣམ་གྲངས་ནང་བཅུག་ཡོད་པ་རེད།
གཙོ་གནད་རྣམ་གྲངས་ལ་དམ་པོར་དམིགས་པ་དང་གནད་སྨིན་འབྲེལ་མཐུད་ཀྱི་རྗེས་འདེད་ཞབས་ཞུ་ནན་གྱིས་སྒྲུབ་པ། ཁེ་ལས་སུ་ཟབ་ཞུགས་བྱས་ནས་བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྒོ་སྤེལ་བ་དང་། དུས་མཚུངས་སུ་གནད་ཁེལ་འབྲེལ་མཐུད་ཀྱང་བྱས་ཏེ། རྫོང་(གྲོང་ཁྱེར་)ཁག་གི་དངུལ་འཇོག་སྐུལ་སྤེལ་སྡེ་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། ཚོང་འགུགས་རྣམ་གྲངས་གལ་ཆེན་དངོས་སུ་འདྲེན་ཐུབ་པ་དང་དོན་འཁྱོལ་ཐུབ་པར་བྱས་ཏེ། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལ་སྐུལ་འདེད་མགྱོགས་ཤིང་མ་དངུལ་འཇོག་གྲངས་མང་དུ་བཏང་བ།
ཚོང་འགུགས་ལས་སྟེགས་བསྐྲུན་ནས་ཚོང་འགུགས་འོས་སྦྱོར་བྱེད་སྒོ་སྤེལ་བ། ཡུན་ནན་ཞིང་ཆེན་གྱིས་གཉེར་བའི་ཚོང་འགུགས་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་དང་དྲ་ཐོག་གི་མ་འཇོག་མཉམ་ལས་སྤེལ་རེས་ཚོགས་འདུར་ཧུར་ཐག་གིས་ཞུགས་ནས་སེམས་ཀྱི་ཉི་ཟླའི་རྒུན་ཆང་རིག་གནས་དུས་ཆེན་སོགས་གཉེར་ཏེ་ཕྱི་ཕྱོགས་སུ་སྤེལ་རེས་མཉམ་ལས་བྱེད་པའི་ལས་སྟེགས་ཧུར་ཐག་བཏོད་ནས་རྣམ་གྲངས་ནང་འདྲེན་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བའི་བརྩོན་ལེན་བྱས་པ་རེད།
སྲིད་ཇུས་དང་བྱེད་ཐབས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་བ། འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཆེད་དོན་གསོ་སྦྱོང་ཚོགས་འདུར་ཞུགས་ནས་ཕྱི་ཕྱོགས་ཀྱི་མ་འཇོག་ཁེ་ལས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་བཏང་བ། རང་ཁུལ་གྱིས་ཁུན་མིང་གྲོང་ཁྱེར་དབར《“ལོ་ལྔ་ཚན་བཅུ་བཞི་པའི”ཁུན་མིང་དང་བདེ་ཆེན་བར་གྱི་མཛའ་གྲོགས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་རོགས་སྐྱོར་རྣམ་གྲངས་21རེ་ཞུ་བྱས་པ་དང་མ་དངུལ་སྒོར་ཁྲི་3165ཟིན་ཡོད་པ་རེད། ཁུལ་གྲོང་གསེབ་འཕེལ་རྒྱས་ཅུས་དང་། ཁུལ་དང་རྫོང(གྲོང་ཁྱེར)གི་མ་འཇོག་སྐུལ་འདེད་སྡེ་ཚན་དང་ཧྲང་ཧའེ་རུ་ཚོང་འགུགས་བྱེད་སྒོ་སྤེལ་བར་བསྐྱོད་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་གྲགས་ཅན་ཁེ་ལས་གཉིས་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།