བདེ་ཆེན་ཡུལ་གྱི་གཏམ་དཔེ། ༢༼མུ་འགོད།༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


མཐོ་སྣང་ཟེར་དུས་རྐང་རྟིང་བཀྱག  

མཛེས་སྣང་ཟེར་དུས་ངོ་གདོང་འཁྲུད།

说你个高,你抬脚跟,

说你漂亮,你去洗脸

 

བསྡུས་འགོ་མར་འཁྲོལ་ན་བསྡུས་རྩ་མཉམ་བུད།

同时从山头滚下,同时到达山脚

 

ནག་མོ་དབང་ཆེ།   ཚོར་ལོར་ཚྭ་བཏབ།

媳妇霸道,野菜放盐

 

ནག་མོ་བློ་དེ་ར་ལམ་འདྲ།  ཕར་ཕར་འགྲོ་ཞིང་ཕར་ཕར་ཕྲ། 

妇人心思羊肠道,越走越细。

 

ནུབ་མར་ཉལ་རྒྱལ་ཐང་རྟ་རྐུར་ཟེར།  

ཞོགས་ཡར་ལངས་སྒོ་ཁར་གཅིག་བཏང་མི་སླེབས།

睡前立志要去香格里拉偷马,

天亮懒得出门撒尿。

 

གནའ་གཏམ་རྣ་ལམ་མི་འགྲོ།   གནའ་ཟོག་གོང་ཐང་མི་རི། 

故事没实际意义,古董没商品价值。

 

སྤྲེའུ་ཨ་གེ་མི་ཤེས་དགུ་ཤེས། རང་རྩའི་མདུད་པ་འགྲོལ་མི་ཤེས། 

猴子阿格聪明绝项,解不了手上的结子。