མཐོ་སྒང་ནས་ཉི་མར་ལྡེ་རྒྱུ་མང་དྲགས་ན་སྐྱ་འགྲིབ་ནད་འབྱུང་སླ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-20   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

    ས་བབ་མཐོ་བའི་ས་ཁུལ་དུ། ཉི་མའི་འོད་ཀྱིས་མིའི་ཤ་སྐྱི་བསྲེགས་པར་མ་ཟད། ད་དུང་མིག་གཉིས་ལ་གནོད་པ་ཐེབས་ནས་སྐྱ་འགྲིབ་ནད་ཀྱང་བསྐྱེད་པ་རེད། ལྷག་པར་དུ། ཚ་བ་ཧ་ཅང་ཆེ་བའི་དབྱར་དུས་སུ། སྨུག་ཕྱིའི་འོད་ཆེན་པོ་ཕོག་ན། སྐྱ་འགྲིབ་ནད་འབྱུང་བ་དེ་བས་སླ། ཞིབ་འཇུག་གྲུབ་འབྲས་སུ་གསལ་བ་ལྟར་ན། ཉིན་རེ་ལ་ཉི་མར་ལྡེ་ཡུན་ཆུ་ཚོད་གཅིག་ལས་བརྒལ་ན། ལོ་གཅིག་གི་ནང་ལ་སྐྱ་འགྲིབ་ནད་ཕོག་པའི་ཉེན་ཁ10%ཡི་འཕར་བ་དང་། ཕྱི་རོལ་ཡུལ་དུ་ལས་ཀ་བྱེད་པའི་མི་ཡི་སྐྱ་འགྲིབ་ནད་ཕོག་ཚད་ནི་རྒྱུན་ལྡན་གྱི་མི་ལས་ལྡབ་གསུམ་གྱིས་མང་བ་རེད། དེ་ན། ང་ཚོས་སྐྱ་འགྲིབ་ནད་འབྱུང་བ་ལ་སྔོན་འགོག་ཇི་ལྟར་བྱེད་དམ་ཞེ་ན། གཤམ་གྱི་བྱེད་ཐབས་འདི་དག་ལ་རྒྱུས་ལོན་བྱུང་ན་ཕན་པ་ཆེ།

    གཅིག དབྱར་དུས་སུ་ཕྱི་རོལ་ཡུལ་ནས་འདུག་ཡུན་རིང་ན། ངེས་པར་དུ་ཉི་གདུགས་སམ་ཡང་ན་ཞྭ་མོ་མཆུ་རིང་སོགས་གྲ་སྒྲིག་བྱས་ཏེ་སྨུག་ཕྱིའི་འོད་དང་དམར་ཕྱིའི་འོད། ཉི་འོད་བཅས་བསྒྲིབ་དགོས། མི་སྒེར་གྱི་འགོག་སྲུང་བྱ་བ་ཡག་པོ་བསྒྲུབ་ཆེད། འབྲེལ་ཡོད་བྱེད་ནུས་ལྡན་པའི་མིག་ཤེལ་གྱོན་ནའང་གོ་ཆོད་པ་ཡིན།

   གཉིས། འོས་མཐུན་གྱི་འཚོ་བཅུད་རིགས་ཁ་གསབ་བྱེད་པ་དང་། ཆང་མི་འཐུང་བ། ཐ་མག་མི་འཐེན་པ། ཚ་ནུས་བསྡུ་ལེན་ལ་ཚོད་འཛིན་བྱེད་པ། ཇ་ལྗང་དང་ཆུ་མང་དུ་འཐུང་བ། ཚྭའི་རིགས་ཉུང་བར་བྱེད་པ་སོགས་ཀྱི་ཁམས་གསོ་བྱེད་ཐབས་བརྒྱུད་ནས་སྐྱ་འགྲིབ་ནད་འབྱུང་བ་ལ་སྔོན་འགོག་བྱ་དགོས།

   གསུམ། ཉིན་གཅིག་གི་ཟས་ཐུན་གསུམ་གྱི་ནང་གི་སྔོ་ཚལ་གྱི་རིགས་ཏེ་ཚོད་སྣག(菠菜)དང་སྣུམ་ཚལ།(油菜) ལྕ་ཚལ་གྱི་ལོ་མ།(芹菜叶) སྦུག་ཚལ།(空心菜) ཀེའུ། འཁན་ཚལ(茼蒿)སོགས་ཀྱི་ཟ་ཚད་ཇེ་མང་དུ་གཏང་དགོས། གོང་གསལ་སྔོ་ཚལ་དེ་དག་གི་ནང་དུ་འཚོ་བཅུདCདང་ལོ་མའི་སེར་རྒྱུ།(叶黄素) ཨ་ཤོམ་སེར་རྫས(玉米黄质)སོགས་མང་པོ་ཡོད་པ་ལས་མིག་གི་སྨུག་ཕྱིའི་འོད་འགོག་པའི་ནུས་པ་ཇེ་ལེགས་སུ་གཏོང་བ་ཡིན།