རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཀྲུང་གོའི་བོད་ལྗོངས་མངའ་རིས་དང་ལྷ་སའི་ཞང་ཞུང་རིག་གནས་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པའི་ཚོགས་འདུའི་ཐོག་མཁས་དབང་གིས་བདེ་ཆེན་གྱི་སྨྱན་སྦྱོར་རིག་གནས་པ་ལ་གདེང་འཇོག་བཟང་པོ་ཐོབ།
第二届中国西藏阿里·拉萨象雄文化学术研讨会上专家对迪庆州媒体学者给予好评
ཉེ་སྔོན། ཀྲུང་གོའི་བོད་ལྗོངས་མངའ་རིས་དང་ལྷ་སའི་ཞང་ཞུང་རིག་གནས་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་།པེ་ཅིང་དང་།ཧྲང་ཧའེ།མཚོ་སྔོན།ཡུན་ནན།ཀན་སུའུ་སོགས་རྒྱལ་ནང་གི་མཐོ་རིམ་སློབ་གླིང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་ཞང་ཞུང་རིག་གནས་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་པ་60ལྷག་མཉམ་དུ་འཛོམས་ཏེ། ཞང་ཞུང་རིག་གནས་ལ་དཔྱད་གླེང་བྱས་པ་མ་ཟད། ད་དུང་རིག་གཞུང་སྤེལ་རེས་ཀྱང་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།
近日,第二届中国西藏阿里·拉萨象雄文化学术研讨会在拉萨举行,60余位来自北京、上海、青海、云南、甘肃等国内高等院校及社会各界从事象雄文化研究的专家学者共聚一堂,不仅探讨象雄文化,还进行了学术交流,达到了预期的效果。
རིག་གཞུང་དཔྱད་གླེང་ཐོག བདེ་ཆེན་བོད་ཀྱི་རིག་གནས་པ། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲང་གོ་ཧྭ་ཡིས《ཞང་ཞུང་གི་ཤེས་རིག་ཡུན་ནན་དུ་དར་སྤེལ་བྱས་ཚུལ།---བོན་པོའི་དད་པའི་རིག་གནས་ལ་དཔེར་བཞག་ནས་རགས་ཙམ་དཔྱད་པ་》ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རིག་གཞུང་གྲུབ་འབྲས་སྤེལ་རེས་བྱས་ལ། དཔྱད་བརྗོད་མཁས་དབང་གིས་དཔྱད་གླེང་ཚོགས་འདུའི་མཇུག་འགྲིལ་མཛད་སྒོའི་ཐོག་གདེང་འཇོག་བཟང་པོ་གནང་བ་རེད།
学术研讨会上,我州藏族学者、迪庆日报社副总编张国华作了《象雄文明在云南传播——以苯教信仰文化为例》为题,进行学术成果交流,点评专家在研讨会闭幕式上给予好评。
ཟླ་1པོའི་ཚེས་17ཉིན་གྱི་ཕྱི་དྲོར། བདེ་ཆེན་བོད་ཀྱི་རིག་གནས་པ་ཀྲང་གོ་ཧྭ་ཡིས་རིག་གཞུང་གྲུབ་འབྲས་སྤེལ་རེས་བྱས་པ།
1月17日下午,我州藏族学者张国华进行学术成果交流。
ཟླ་1པོའི་ཚེས་19ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དང་བོད་རིག་པའི་མཁས་དབང་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་དཔྱད་གླེང་ཚོགས་འདུ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་བདེ་ཆེན་བོད་ཀྱི་རིག་གནས་པ་ཀྲང་གོ་ཧྭ་ཡི་རིག་གཞུང་གྲུབ་འབྲས་ལ་གདེང་འཇོག་བཟང་པོ་གནང་བ་རེད།
1月19日下午,西藏自治区社会科学院研究员、著名藏学家顿珠拉杰先生在研讨会闭幕式上,对媒体学者所做的学术成果给予好评。