རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན། ལོ་མཇུག་ཏུ་སླེབས་གྲབས་ཡོད་པ་དང་ལོ་གསར་གྱི་ངང་ཚུལ་རིམ་བཞིན་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱིས་ལོ་གསར་གྱི་མཁོ་ཆས་མཁོ་ཚད་ཆེས་ཆེར་འཕར་ཡོད། ཟླ་1པོའི་ཚེས་18ཉིན་གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྲོང་ཁུལ་གྱི་ལོ་གསར་མཁོ་ཆས་ཁྲོམ་རར་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར་ས་གནས་དེ་གའི་ཚོང་ཟོག་སྣ་ཚོགས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པ་རེད།
གསར་འགོད་པས་གསེར་ཟམ་ཤིན་ཧོ་སྒོ་རྩིས་ཚོང་ཁང་ནས་འཁྲུད་སྲུང་མཁོ་ཆས་དང་། སྔོ་ཚལ་དང་ཤིང་འབྲས། བཏུང་བྱ་སོགས་སྣ་ཁ་ཕུན་སུམ་ཚོགས་པ་དང་། མཁོ་འདོན་བྱེད་ཚད་འདང་ངེས་ཡིན་པ། གྲོང་མི་རྣམས་ཀྱིས་ཉོ་སྒྲུབ་བྱེད་པའི་གོ་རིམ་ལྡན་པ་བཅས་མཐོང་བྱུང་། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སྒོ་རྩིས་ཚོང་ཁང་དུ་བྲིན་ཚོང་བྱེད་མང་ཤོས་ཀྱི་དུས་སུ་སླེབས་པ་དང་ཁ་ཐོར་རིགས་ཀྱི་དངོས་རྫས་ལ་གྲོང་མིས་དགའ་པོ་བྱེད་ཀྱི་ཡོད་པས་ང་ཚོ་ཚང་མ་བྲེལ་བ་ཆེན་པོ་འདུག ཚོང་ཟོག་སྣོན་པར་བྲེལ་བའི་སྒོ་རྩིས་ཚོང་ཁང་གི་ལས་བྱེད་མི་སྣས་ཧོ་ལི་ཧྥང་གིས་བཤད།
སེམས་ཀྱི་ཉི་ཟླ་ཞང་དབྱང་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་ནང་གི་ཚོང་བཤམས་ས་100ལྷག་ཙམ་གྱི་སྔོ་ཚལ་དང་ཤིང་འབྲས་ཤ་སོགས་སྣ་ཁ་འཛོམས་པ་དང་དངོས་ཟོག་འདང་ངེས་ཡོད་པ་རེད།
ཞང་དབྱང་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་དོ་དམ་གཞུང་ལས་ཁང་གི་འགན་འཁུར་བ་ཏུང་ཀྲི་ཡིང་གིས་ངོ་སྤྲོད་བྱས་པར་གཞིགས་ན་དཔྱིད་གསར་དུས་ཆེན་རིང་ཁྲོམ་ར་དེའི་གཉེར་སྐྱོང་ཚོང་པ་80%རྒྱུན་གཏན་ལྟར་ལས་གཉེར་བྱ་རྒྱུ་ཡིན་པ་རེད། གལ་ཏེ་འཛད་སྤྱོད་པས་རིན་གོང་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ་ཐད་ཀར་ཁྲོམ་རའི་ལས་རེས་དོ་དམ་པར་སྙན་སེང་ཞུས་ཆོག་པས་ང་ཚོས་འཕྲལ་མར་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད། ཏུང་ཀྲི་ཡིང་གིས་དམངས་འཚོའི་ཚོང་ཟོག་གི་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད་ཁྲོམ་ར་ཕྱོགས་ཀྱིས་ཉིན་ལྟར་རང་འགུལ་ངང་གཉེར་སྐྱོང་ཚོང་པ་དང་འབྲེལ་གཏུག་བྱེད་ཀྱི་ཡོད་པས་གལ་ཏེ་ཁྲོམ་རའི་ནང་སྔོ་ཚལ་ལམ་ཤ་རིགས་ཀྱི་རིན་གོང་རྒྱུན་གཏན་དང་མི་འདྲ་བ་ཡོད་པ་ཤེས་ཚེ་དུས་ཚོད་དང་པོར་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་ནན་པོ་བྱ་རྒྱུར་སྙན་སེང་ཞུ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆབས་ཅིག་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་ཡང་བརྒྱབ་པས་ཉིན་ཤས་བསྟུད་མར་ཁྲོམ་རས་མི་ཚང་མ་ཁྲོམ་རར་འཛུལ་སྐབས་ངེས་པར་དུ་བདེ་ཐང་ཨང་གྲངས་སྟོན་དགོས་པ་མ་ཟད་དྲོད་ཚད་འཇལ་དགོས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་ཁྲོམ་རའི་ནང་ཉིན་ལྟར་ཐེངས་མང་དུག་སེལ་བ་དང་དོ་དམ་མི་སྣས་རྒྱུན་ཆད་མེད་པར་སྐོར་ཞིབ་བྱས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དམའ་ཤོས་སུ་བཏང་ཡོད།