བཀྲ་ཤིས་བདེ་ལེགས། བདེ་ཆེན་བོད་ཀྱི་ལོ་སར་རིག་གནས། 扎西德勒|迪庆春节民俗文化

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-02   རྩོམ་ཁུངས།    སེམས་ཀྱི་ཉི་བོད་ཡིག་དྲ་བ།


    

    2022ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐར་བཟང་གི་དུས་འདིར་ཐོག་མར་ངེད་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ལས་བཟོ་བ་ཡོངས་ཀྱིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་རབ་རྒྱན་ཆུ་ཕོ་སྟག་གི་ལོར་ཁྱེད་ཅག་གི་བྱ་བཞག་ཐམས་ཅད་རྒྱ་སྟག་ནགས་ནས་མཆོང་འདྲའི་ངར་ཞིག་དང་མདའ་མོ་གཞུ་ལས་ཤོར་འདྲའི་མྱུར་ཞིག་ཡོད་པ་དང་། ཁྱིམ་བཟའ་མི་ཡོངས་ལ་ནད་མེད་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་སྨོན་འདུན་ཞུ།   

    དེ་ཡང་རྫོགས་ལྡན་གྱི་དུས་བཟང་འདིར་ངེད་བོད་ཡིག་རྩོམ་སྒྲིག་ཁང་གིས་༼ བདེ་ཆེན་བོད་ཀྱི་ལོ་སར་རིག་གནས ༽ཞེས་པའི་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད་ལ། ལེ་ཚན་འདིའི་ཁྲོད་བདེ་ཆེན་ས་གནས་ཀྱི་བོད་རང་གི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་ཡོད་པ་དང་རྒྱུས་མངའ་ཡོད་པའི་རིག་གནས་བ་དང་གྲགས་ཆེན་མི་སྣ་འགའ་གདན་འདྲེན་ཞུས་ནས་རྩམ་དྲི་མ་ཡལ་བའི་བདེ་ཆེན་བོད་སྐད་ཀྱི་སྒོ་ནས་ཁ་བརྡ་བགྲོ་གླེང་བྱས་ཡོད།   

    ཐེངས་འདིར་གདན་འདྲེན་བྱས་ཡོད་པའི་སྐུ་མགྲོན་ནི་བདེ་ཆེན་འཇོལ་རྫོང་ཀོང་རྩེད་ར་ནས་འཚར་ལོངས་བྱུང་བའི་དགེན་བཀྲ་ཤིས་བདེ་ལེགས་ཡིན་ལ། ཁོང་གིས་ལོ་འདིའི་འགའི་རིང་བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་བོད་སྐད་སྙན་སྒྲོན་པའི་ཕྱག་ལས་གནང་བས་བདེ་ཆེན་གྱི་མི་སེར་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ངེས་རེད། དགེན་ལགས་ཀྱི་ལེ་ཚན་འདིའི་ནང་ཁོའི་ཕ་ཡུལ་འཇོལ་རྫོང་ཀོང་རྩེད་ར་གཙོ་བྱས་པའི་སྲོལ་རྒྱུན་བོད་ཀྱི་ལོ་སར་རིག་གནས་གླེང་ཡོད་དེ་རྒྱ་ཆེའི་ཀློག་པ་པོ་དང་དགའ་མོས་ཡོད་མཁན་རྣམས་ཀྱིས་གསན་གཟིགས་དང་རྒྱུད་སྐུར་མང་ཙམ་བྱེད་རོགས།