【ཚོགས་ཆེན་གཉིས།】ཨུ་ཡོན་རྣམས་སྔ་ཕྱི་བྱས་ནས་མིང་ཐོ་འགོད་དུ་ཐོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片


图片

    ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་དེ་ཟླ་2་ཚེས་17ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་འཛུགས་རྒྱུ་ཡིན་ལ། ཚེས་16ཉིན་གྱི་ཕྱི་དྲོ་དང་ཚེས་17ཉིན་གྱི་སྔ་དྲོ་ཨུ་ཡོན་ཚོས་སྤྲོ་བ་ཆེར་སྐྱེད་དང་སྤོབས་པ་ཆེན་པོས་མང་ཚོགས་ཀྱི་སེམས་གཏིང་གི་སྐད་ཆ་དང་རེ་འབོད་འཁྱེར་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་“ཇུས་ཆེན་”་དང་“ཐབས་བཟང་”འཁྱེར་ཏེ་གཅིག་རྗེས་གཉིས་མཐུད་ངང་སྡོད་གནས་སུ་ཡོང་ནས་མིང་ཐོ་བཀོད་ཅིང་། འདིས་བདེ་ཆེན་ཁུལ་ཚོགས་ཆེན་གཉིས་ཀྱི་དུས་ཚོད་དངོས་སུ་འགོ་བརྩམས་པ་མཚོན་པ་རེད།

图片

图片

    སེམས་ཀྱི་ཉི་ཟླ་མགྲོན་ཁང་གི་མིང་ཐོ་འགོད་པའི་ཡུལ་དངོས་སུ་ཚོགས་ཆེན་འཚོགས་པའི་རྟེན་འབྲེལ་གྱི་དྲིལ་བསྒྲགས་སྦྱར་ཡིག་དང་དྲིལ་བསྒྲགས་ཡིག་བྱང་གང་སར་མཐོང་ཐུབ་ལ། བདེ་ཐང་བཤེར་རིས་དང་འགྲུལ་བཞུད་བཤེར་རིས། ལུས་དྲོད་འཇལ་བ། འབྱོར་ཐོ་འགོད་པ། ཚོགས་ཞུགས་འཛིན་ཡིག་ལེན་པ། ཚོགས་ཆེན་གྱི་དཔྱད་གཞིའི་ཡིག་ཆ་བཀྲམ་པ་སོགས་ལས་དོན་མི་སྣས་གོ་རིམ་ལྡན་པའི་ངང་ཨུ་ཡོན་རྣམ་པར་བསུ་བ་བྱེད་བཞིན་ཡོད་དེ། ལྷོད་གཡེང་མེད་པའི་སྒོ་ནས་འབྱོར་ཐོ་འགོད་པའི་བརྒྱུད་རིམ་ངོ་སྤྲོད་དང་དོ་སྣང་བྱེད་དགོས་པའི་དོན་ཚན་གསལ་བཤད་བཞིན་ཡོད་ལ། དེ་མིན་ཨུ་ཡོན་ཚོར་ཐོ་འགོད་འགྲོ་ལུགས་གཉེར་བ་དང་འབྱོར་ཐོ་འགོད་པའི་བརྒྱུད་རིམ་ཧྲིལ་བོར་ལས་དོན་མི་སྣའི་བཀོད་འདོམས་མཐུན་སྦྱོར་འོག་གོ་རིམ་ལྡན་པ་དང་ཕན་འབྲས་ཆེ་བའི་སྒོ་ནས་ལེགས་འགྲུབ་བྱུང་བཞིན་ཡོད་པ་རེད།

图片

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ཨུ་ཡོན་ཁྲེན་ཝུའུ་ཧྭ་ནི་སྲིད་གྲོས་ཚོགས་འདུ་ཐེངས་གཉིས་ལ་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྒན་གྲས་ཤིག་ཡིན་ལ། ལོ་76ལ་སླེབས་པའི་ཁོང་གིས་བདེ་ཆེན་གྱི་སྣོད་བཅུད་སྲུང་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད། ཁྲེན་ཝུའུ་ཧྭ་ཡིས་“སྲིད་གྲོས་ཨུ་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་དེ་སྔོན་ངས་བད་ཤའི་ཤ་ཕྲུག་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གྲོས་གཞི་ཕུལ་མྱོང་ཡོད་ལ། འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྱང་ཐོག་མཐའ་བར་གསུམ་དུ་དེར་མཐོང་ཆེན་བྱས། ད་ལོ་བད་ཤའི་ཤ་ཕྲུག་སྲུང་སྐྱོང་གི་བརྗོད་གཞིར་མུ་མཐུད་དོ་ཁུར་བྱེད་པ་དང་ཆབས་ཅིག་ངས་ཀྱང་གནའ་གྲོང་གི་ཡུལ་སྐོར་འཕེལ་རྒྱས་ཐད་བསམ་འཆར་དང་གྲོས་འགོ་འགའ་ཞིག་འདོན་རྒྱུ་ཡིན་”ཞེས་བཤད།

图片

图片

    ད་ཐེངས་ཀྱི་སྲིད་གྲོས་ཚོགས་འདུ་ཡག་པོ་འཚོག་ཆེད་འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲེལ་ཡོད་འགན་ལེན་ལས་དོན་ཧུར་ཐག་བསྒྲུབས་འདུག སྔོན་འགོག་ཚོད་འཛིན་གྱི་མཛུབ་ཁྲིད་ཚན་པ་ཞིག་ཡིན་པའི་ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་“ཚོགས་འདུ་གཉིས་”མ་འཚོག་གོང་དང་དེ་བཞིན་ཚོགས་འདུའི་ཁྲོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་པའི་ལས་དོན་གྱི་འགན་འཁུར་བ་ཡོད་པ་རེད། ཁུལ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ཀྲང་ཅི་ལིས་“ཚོགས་འདུ་གཉིས་”རིང་ཁོ་ཚོས་ཚོགས་ཞུགས་མི་སྣ་དང་ལས་དོན་མི་སྣ། ཚོགས་དོན་ཞབས་ཞུའི་མི་སྣ་ཡོངས་ཀྱི་བདེ་ཐང་བཤེར་རིས་དང་བཞིན་ལམ་ཐིག་བཤེར་རིས། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ཡོད་ལ། ཤམ་བྷ་ལའི་མགྲོན་ཁང་ཆེན་མོ་དང་སྤྱི་སྤྱོད་ཁོར་ཡུག་དུག་སེལ་སོགས་བྱས་ནས་རིམས་འགོག་ལས་དོན་ཡག་པོ་བསྒྲུབ་ཡོད་ཅེས་བཤད། བདེ་ཆེན་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་མོའི་སྤྱི་ཁྱབ་ཅིང་ལི་ཡོན་ཁུན་གྱིས་ཨར་ཁང་བཀོད་སྒྲིག་དང་རིམས་འགོག  མེ་ཟོན་སོགས་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན།  དེ་མིན་ཞབས་ཞུ་དང་མེ་ཟོན་བདེ་འཇགས་འགན་ལེན་བཅས་ཀྱི་རྨང་གཞིའི་ཐོག་འབྲེལ་ཡོད་ལས་དོན་མི་སྣ་ཚོང་ཁང་དུ་བཅའ་སྡོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་ཚོགས་ཆེན་ཕུན་སུམ་ཚོགས་པོའི་ངང་འཚོག་རྒྱུའི་འགན་ལེན་བྱས་ཡོད་ཅེས་བཤད།