རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།
ཟླ་2པའི་ཚེས་17ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ཁུལ་ཨུ་སྙན་ཞུ་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།
ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱིས་ཀྲིས་གསུང་བཤད་གནང་བ་དང་། ཡུན་ནན་ཉེན་རྟོག་སློབ་གླིང་གི་རིམ་པ་དང་པོའི་སྐོར་ཞིབ་པ་ལུའུ་པིན་ནི་ཚོགས་གཙོ་ཡིན་པའི་སྐབས་བརྗེའི་མཛུབ་ཁྲིད་ཚོ་ཆུང་མཛུབ་ཁྲིད་གནང་བར་ཕེབས་ཡོད། ཀྲང་ཝུའེ་ཏུང་དང་། ཕེང་ཧྲན། ཡུས་ཧྲེང་ཞང་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལ་མེའོ་ཡིའུ་ཧྥ་དང་། ཧྲི་ཁྲུན་མིང་། ཤར་རྩེ་བསྟན་འཛིན་ཆོས་འཕེལ། ཁྲེན་ཅུན་མིང་། སྐལ་བཟང་རྣམ་རྒྱལ། དབྱང་ཅི་ཝུན། ཕན་ཞུའེ་དབྱིན་སོགས་ཡོད་ཅིང་། ཧོ་ཞུའེ་ཐའོ་ནི་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།
སྔ་དྲོའི་ཆུ་ཚོད་9པར་ཚོགས་ཆེན་འགོ་ཚུགས་པ་དང་ཚོགས་ཞུགས་མི་སྣ་ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
ད་ཐེངས་ཀྱི་ཚོགས་འདུར་ཨུ་ཡོན་225ཕེབས་འོས་པ་དང་དངོས་སུ་མི་གྲངས་212ཕེབས་ཡོད་པ་དེ་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་པ་རེད།
ཝང་དབྱི་ཀྲིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འདས་ཟིན་པའི་ལོ་ལྔའི་ནང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གནང་བ་རེད། ཁོང་གིས་ལོ་ལྔའི་རིང་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་གི་འགོ་ཁྲིད་བརྟན་ལ་ནུས་པ་ལྡན་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་རང་འགུལ་ངང་ཧུར་ཐག་བྱེད་པ། ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྡུད་ནུས་ལྡན་བྱུང་བ། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་ཐེབས་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་ཀྲིས་སླད་ཕྱིན་གྱི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དུས་རབས་གསར་པའི་བདེ་ཆེན་གསར་པར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་རེད། སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་ཏུ་བསྟར་ནས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་སྲིད་གྲོས་ཨུ་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་ལྟེ་བར་དམིགས་ནས་གྲོས་མོལ་སྲིད་གླེང་དང་འགག་རྩའི་ཐབས་འདོན་ཇུས་འདོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་གསར་པའི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་ཆེད་སྲིད་གྲོས་ཀྱི་ལེགས་སྐྱེས་གསར་པ་འབུལ་དགོས་པར་བསྟན་པ་རེད།
ཝང་དབྱི་ཀྲིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན། རྩ་བའི་ཆབ་སྲིད་རྩ་དོན་ལ་བརྩི་སྲུང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ། བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བཅས་ཇེ་བརྟན་དུ་གཏོང་དགོས། ལྟེ་བའི་ཁྱོན་ཡོངས་ལ་དམིགས་པ་དང་། ལྟེ་བའི་གྲོས་མོལ་ལ་དམིགས་པ། དཀའ་གནད་ལ་དོ་ཁུར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་དང་སྲིད་ཞུགས་སྲིད་གྲོས་ལ་དམིགས་པ་བཅས་བྱེད་དགོས། མི་དམངས་མཆོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཉན་འཇོག་ཧུར་ཐག་དང་། དམངས་ཀྱི་བློ་གྲོས་དང་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་གང་ལེགས། མཐུན་སྒྲིལ་དམངས་གཙོ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། མཉམ་ཤུགས་གཅིག་སྡུད་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། ཤར་བགྲོད་ཐུབ་པའི་ཐབས་ལམ་ཐད་ཤུགས་སྣོན་རྒྱག་པ། མཐུན་སྒྲིལ་མཐུན་འབྲེལ་ཐད་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས་པར་བསྟན།
ཝང་དབྱི་ཀྲིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ལོ་ཡིན། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དཀའ་ཚེགས་དེ་བས་ཆེ་བ་དང་དེ་བས་ཆེ་བའི་འབད་བརྩོན་བྱས་ཏེ་ལས་གནས་ཀྱི་འགན་འཁྲི་ལ་གཞི་ཚུགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་གཙོ་གནད་ལ་དམིགས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་ཐབས་ཇུས་འདོན་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་དབྱི་ཀྲིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ནི་ཏང་གི་ཁྱོན་ཡོངས་ཀྱི་ལས་དོན་གྱི་ཕྱོགས་གལ་ཆེན་ཞིག་ཡིན་པས། ཁུལ་ཨུས་སྲིད་གྲོས་ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་བྱ་རྒྱུ་དང་། རིམ་པ་ཁག་དང་སྡེ་ཁག་ཁག་གིས་རང་འགུལ་ངང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་དང་། རང་འགུལ་ངང་སྲིད་གྲོས་ཀྱི་ལས་དོན་ལ་གཞོགས་འདེགས། སྲིད་གྲོས་ཀྱི་གྲོས་གཞི་ནན་ཏན་ངང་སྒྲུབ་པ་བཅས་བྱས་ཏེ་ཏང་ཨུས་མཐོང་ཆེན་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་རང་འགུལ་ངང་གཞོགས་འདེགས་བཅས་བྱེད་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པར་བསྟན།
ཧྲེ་ཁྲུན་མིང་གིས་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་ཞུའི་ནང་བསྟན་དོན། འདས་པའི་ལོ་ལྔའི་ནང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་པ་དང་། སྲིད་དོན་ལ་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུ་མཐའ་འཁྱོངས་བྱས་པས་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་གཞག་ལ་མཐུན་སྒྲིལ་ཞི་མཐུན་དང་། དངོས་སྒྲུབ་ཡར་བརྩོན། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་པ་རེད། ལོ་ལྔའི་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་སྔར་བས་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཐོག་མའི་བསམ་འདུན་ལྟར་ཏང་གི་བཀའ་ལ་ཉན་པ་དང་། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཆབ་སྲིད་གྲོས་མོལ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། དམངས་འཚོར་ཚད་མཐོའི་དོ་ཁུར་བྱས་ནས་དམངས་ལ་འགན་འཁྲི་འཁུར་བའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་ནས་མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་གཅིག་སྡུད་དང་སྐུལ་འདེད་བཏང་བ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་སྲོལ་ལྟར་ལས་དོན་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་སྤྱི་ཡོངས་ཀྱི་འགན་འཁྲི་སྒྲུབ་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱབ་ཡོད་ཅེས་བསྟན།
སྙན་ཞུའི་ནང་ནན་བཤད་བྱས་དོན། སླད་ཕྱིན་ལོ་ལྔའི་ནང་། དུས་རབས་གསར་པའི་བདེ་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཁྱོན་ཡོངས་ནས་བཏོད་པ་དང་། བདེ་ཆེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་འགག་རྩའི་དུས་སྐབས་ལ་སྐུལ་འདེད་བཏང་ནས། སྲིད་གྲོས་སྐབས་གསར་པའི་ལས་དོན་ཐད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་གཞི་དང་འབྲེལ་ཞིང་། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་དམིགས་འབེན་ཆེན་པོ་གཉིས་ལ་དམ་པོར་དམིགས་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་། ཐབས་ཇུས་དང་སྲིད་དོན་ནུས་པ། དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ། འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དང་སྒྱུར་བཅོས་གསར་གཏོད་ཀྱི་ནུས་པར་མཐུན་སྒྲིལ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་གསར་པའི་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད།
སྙན་ཞུའི་ནང་དུ་ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་ཀྱིས་འགན་འཁྲི་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་ཞབས་འདེགས་ཞུ་བའི་ལེགས་ཆ་འདོན་སྤེལ་བྱེད་པ། ཏང་གི་འཐུས་མི་ཚོགས་ཆེན་གྱི་དམིགས་ཚད་ལས་འགན་སྒྲུབ་པའི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་བ། ཧུར་ཐག་གིས་མཐུན་སྒྲིལ་ཕྱུག་འགྱུར་དང་། དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་གསར་པའི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་དགོས་པར་བསྟན་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་སྲིད་གྲོས་བདེ་ཆེན་ཁུལ་ཨུ་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཚོགས་ཆེན་ཐོག་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ལོ་ལྔའི་རིང་གི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྙན་སྒྲོན་གནང་བ་རེད། ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་འགོ་ཁྲིད་ལ་ད་དུང་ལི་ཡན་ལན་དང་། དབྱང་ཙེ་ཅང་། ལི་ཅ་ཁུན། ཞུས་ཕུང་ཧྲེང་། ཝང་ཝུན་ཅ། ཁུང་ཝུའེ་ཧྭ། ཅི་ཤིང་ཅང་། སྐལ་བཟང་རྣམ་རྒྱལ། ཁྲེན་ཆུན། ཧ་ཡུས་ཧྥེང་། ཡེ་རུང་། ཡུས་ཀུའེ་ཧྥེན། ཚའེ་ཝུའུ་ཁྲེང་། དབྱང་ཀྲེན་དབྱི། ཧོ་ལི་ཕིང་། ལི་ཆིང་ཕེ། ལེའོ་ཝུན་ཚའེ། ཀྲང་ཡུས། ཀྲའོ་ཝུའུ་ཁྲེང་སོགས་ཡོད།
བདེ་ཆེན་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། བདེ་ཆེན་དུ་བཅའ་སྡོད་བྱེད་པའི་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་བློ་མཐུན། ཁུལ་སྲིད་གྲོས་ཀྱི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་འགོ་ཁྲིད་རྒན་གྲས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན། ཁུལ་ཁོངས་གཏོགས་ཁེ་ལས་དང་བྱ་གཞག་སྡེ་ཚན། ཞིང་ཆེན་དང་ཁུལ་རུ་བཅའ་སྡོད་ཞིང་ཆེན་གྱི་ཚན་པའི་འགན་འཁུར་བློ་མཐུན་སོགས་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།