རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།
བདེ་ཆེན་གྱི་ཚོགས་ཆེན་གཉིས་འཚོགས་པ་ནས་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་དང་ཨུ་ཡོན་ཚོས་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལྷག་བསམ་ཀྱི་ཀུན་སྤྱོད་ལ་བརྟེན་ནས་ཐབས་ཇུས་གསར་བ་འདོན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་མངག་བཅོལ་དང་རེ་བ་ཆུད་ཟོས་སུ་མི་གཏོང་བར་བྱ་སྤྱོད་དངོས་ཀྱི་ཐོག་ནས་སེམས་གཏམ་ཚུར་སྣང་བྱས་ཡོད།
ཨུ་ཡོན། རི་ཧུག.ཚེ་རིང་དོན་འགྲུབ།
ཨུ་ཡོན་སྐལ་བཟང་བསྟན་འཛིན་དང་ཨུ་ཡོན་བསྟན་འཛིན་འཕྲིན་ལས། ཨུ་ཡོན་དར་རྒྱས་གསུམ་གྱི་སེམས་གཏམ།
ཨུ་ཡོན། བཀྲ་ཤིས་ཉི་མ།
སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་རྒྱལ་མཚན་གྱིས་ད་ལོ་ནས་བཟུང་མྱུར་བགྲོད་ཤར་གཏོང་ཐུབ་པ་དང་དེ་བཞིན་སླད་ཕྱིན་ཤར་གཏོང་ཐུབ་ཉེར་ཡོད་པའི་མྱུར་བགྲོད་ལྕགས་ལམ་སོགས་སུ་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་གསར་པ་འཕྲད་ཡོད་པས་སྲིད་གཞུང་གིས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཐོན་ལས་ཁག་གཅིག་ལ་ཁྲིད་སྟོན་དང་ལྷག་དོན་དུ་བདེ་ཆེན་གྱི་ཁྱད་ལྡན་ཐོན་ལས་ལ་སྣང་ཆེན་བྱས་ཏེ་བོད་ལྗོངས་སོགས་ས་ཆའི་སྲིད་ཇུས་ལ་དཔེ་བལྟས་ཏེ་ཡུལ་བབ་དང་བསྟུན་ནས་ས་གནས་འདི་གའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
སྲིད་གྲོས་ཀྱི་ཨུ་ཡོན་རྒྱལ་ཐང་ནོར་བུས་ཁུལ་ཡོངས་ཀྱི་ལུས་རྩལ་རིག་གནས་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྔོག་འདོན་གཏིང་ཟབ་བྱས་ནས་ལུས་རྩལ་ཐོན་ལས་ལ་སྐུལ་མ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། སྤྱི་ཚོགས་ཀྱི་ལུས་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་སློབ་གྲྭའི་ལུས་རྩལ་སློབ་གསོའི་ནང་ཞུགས་སུ་བཅུག་སྟེ་སློབ་གྲྭའི་ལུས་རྩལ་ཤེས་ལྡན་མི་སྣ་སྔར་ལས་ལེགས་པར་གསོ་སྐྱོང་བྱ་དགོས་པར་བརྗོད་ཡོད།
སྲིད་གྲོས་ཨུ་ཡོན་ཕན་ཞུའེ་དབྱིན་གྱིས་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲིས་སྲིད་གྲོས་བདེ་ཆེན་ཁུལ་གྱི་སྐབས་བཅུ་གསུམ་པའི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་ཀྱི་གོ་དོན་མཐོ་ལ་ཁ་ཕྱོགས་གསལ་བ་དང་། ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ལོ་ལྔའི་རིང་གི་ལས་ཀའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།སླད་ཕྱིན་ལོ་ལྔའི་རིང་གི་སྲིད་གྲོས་ལས་དོན་ཐད་བླང་བྱ་གསལ་པོ་བཏོན་ཡོད། སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་རྒྱུའི་ཐད་རེ་བ་ནན་པོ་བཏོན་པ་དང་། ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མཛུབ་ཁྲིད་རང་བཞིན་གྱི་གྲོས་འགོ་བཏོན་བྱུང་། སྐབས་གསར་པའི་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ཆབ་སྲིད་ཀྱི་འགྲེང་གནས་ཆེ་རུ་དང་། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དམངས་ཕན་གྱི་ཐབས་ཇུས་མང་ཙམ་འདོན་པ། དམངས་ཕན་གྱི་བྱ་ཐབས་མང་ཙམ་བཅས་སྤེལ་རྒྱུ་ཡིན་ཞེས་བརྗོད་བྱུང་།