བདེ་ཆེན་གྱིས་ཀྲུང་བོད་གསོ་རིག་གི་རྒྱུན་འཛིན་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

       

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན། ཉེ་ཆར་བདེ་ཆེན་ཁུལ་གྱིས《ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཏོན་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།བདེ་ཆེན་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

        《ལག་བསྟར་བསམ་འཆར》ནང་བདེ་ཆེན་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུའི་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཀྲུང་ལུགས་གསོ་རིག་སྨན་རྫས་དང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་དྲུག་ནས།བདེ་ཆེན་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་ཐད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཆ་འཕྲིན་ཅན་ཞབས་ཞུའི་འདེགས་སྐྱོར་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་གཞི་བཅོས་པའི་འདུ་འགོད་ལག་ལེན་བསྟར་བ།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྙིང་བཅུད་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་དང་བྱ་ཐབས་24བཏོན་ནས་དམིགས་ཚད་ལས་འགན་དང་འགན་འཁྲིའི་སྡེ་ཚན་ཁ་གསལ་བཟོས་པ་རེད།

        《ལག་བསྟར་བསམ་འཆར》གྱི་འབྲེལ་ཡོད་ནང་དོན་ལ་གཞིགས་ན།2025ལོར་སླེབས་སྐབས་བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་ས་ཁོངས་ཀྱི་བོད་ལུགས་གསོ་རིག(ཆེད་ལས་ཚན་ཁག)གི་ནད་བརྟག་སྨན་བཅོས་ལྟེ་གནས་གཅིག་དང་།ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གཙོ་གནད་ཆེད་ལས་ཚན་ཁག3   ཁུལ་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གཙོ་གནད་ཆེད་ལས་ཚན་ཁག3བཅས་བཙུགས་ནས།  ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གཙོ་གནད་ཆེད་ལས་ཚན་ཁག་5ལས་མི་ཉུང་བའི་ནད་རིགས་སྨན་བཅོས་ཇུས་གཞི་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་གཞི་བཅོས་པའི་ལྟེ་གནས་དང་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་རྟེན་གཞི་གཅིག་ལས་མི་ཉུང་བ་བསྐྲུན་ནས་གཙོ་གནད་མི་ཚོགས་དང་གཅོང་ནད་ཕོག་མཁན་ཁྲོད་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་གཞི་བཅོས་པའི་སྨན་བཅོས་ཇུས་གཞི་2ཁྱབ་གདལ་གཏོང་རྒྱུ་ཡིན་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྣེ་ཁྲིད་ཤེས་ལྡན་པ་1དང་།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིག་ཚན་སྣེ་ཁྲིད་པ་3  ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྗེས་གྲབས་ཤེས་ལྡན་པ་5བཅས་འདེམས་སྒྲུག་དང་གསོ་སྐྱོང་བྱེད་རྒྱུ།   ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་མཉམ་ལས་ཀྱི་རྟེན་གཞི་1་བསྐྲུན་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་ཇུས་གཞི་2ཁྱབ་གདལ་གཏོང་རྒྱུ། 90%ཡན་གྱི་རྫོང(གྲོང་ཁྱེར)རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་དམིགས་ཚད་དུ་སླེབས་པར་བྱེད་པ་དང་100%ཡི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་བཙུགས་རྒྱུ་ཡིན་པ་མ་ཟད།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་པས་20%ཡན་ཟིན་པར་བྱེད་རྒྱུ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་དཔེ་རྙིང་ཚད་ལྡན་ཡིག་ཆ་དང་།གསུང་རབ་ཀྱི་མིང་། ངག་བརྒྱུད་སྙིང་ཁྲིད་སོགས་ཀྱི་སྨན་དང་སྨན་བཅོས་དཔྱད་གཞི་མྱུར་སྐྱོབ་བསྡུ་རུབ་དང་། ལེགས་སྒྲིག་ཞིབ་འཇུག ཁྱབ་གདལ་བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་རྒྱུ། བདེ་ཆེན་ཁུལ་གྱི་གསོ་རིག་བསྟན་བཅོས་དང་།ལག་རྩལ།སྨན་སྤྲོད་བཅས་ཀྱི་དཀར་ཆག་སྒྲིག་བཟོ་བྱེད་རྒྱུ། ཁུལ་རིམ་པ་དང་གཞི་རིམ་གྱི་མིང་གྲགས་ཅན་གྱི་ཀྲུང་ལུགས་(བོད་ཀྱི་གསོ་རིག)ཀྱི་ལས་དོན་ཁང་དང་རིག་གཞུང་དང་གྲུབ་མཐའ་རྒྱུན་འཛིན་ལས་དོན་ཁང་སོགས་འཛུགས་རྒྱུ་ཡིན་པ་རེད།