ས་དམ་ནས་བདེ་ཆེན་བར་གྱི་ལྕགས་ལམ་ད་ལོ་ཤར་གཏོང་ཐུབ་ངེས་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-03   རྩོམ་ཁུངས།   

        ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་ཐིག་གི་ས་ཚིགས་རྗེས་མའི་ལས་གྲྭའི་ནང་འཕྲིན་གཏོང་དང་བརྡ་རྟགས། གློག་ཤུགས། སྣེ་འདྲེན་གློག་འདོན་མ་ལག་དང་དེ་བཞིན་ཁང་པ་རྒྱག་པ་སོགས་ཀྱི་ལས་གྲྭ་ཚུད་ཡོད།ལམ་ཐིག་ཧྲིལ་པོར་གློག་སྡོང་1469གསར་སྐྲུན་བྱ་དགོས་ལ། གློག་སྐུད་སྦྲེལ་ལམ་སྤྱི་ལེ་190.54དང་འཕྲིན་གཏོང་གློག་སྐུད་སྦྲེལ་ལམ་གློག་སྐུད་སྤྱི་ལེ་155.4། འཕྲིན་གཏོང་ས་ཚིགས་ཀྱི་འོད་འཁྲིད་ཚི་སྐུད་སྤྱི་ལེ་237.55། གློག་ཤུགས་འབྲེལ་མཐུད་ཀྱི་མཐོ་གནོན་གློག་སྐུད་སྤྱི་ལེ160། གློག་ཤུགས་དམའ་གནོན་གློག་སྐུད་སྤྱི་ལེ55་བཅས་འདིང་དགོས་ཤིང་། འཕྲིན་གཏོང་ལྕགས་ཀྱི་མཆོད་རྟེན་30འཛུགས་སྐྲུན་བྱ་དགོས་ལ། སྤོ་འགྱུར་བ་དང་གློག་སྦྱོར་ཁང་9འཛུགས་སྐྲུན་བྱ་དགོས། གསར་སྐྲུན་ས་ཚིགས་ཀྱི་ཁང་པ་3དང་གློག་སྤྱོད་ཁང་པ་40གསར་སྐྲུན་བྱས་ཡོད། ཉིན་དེར་འཕྲིན་གཏོང་དང་བརྡ་རྟགས། གློག་ཤུགས་ཆེད་ལས་བཅས་ཀྱི་དཔེ་མཚོན་ལས་གྲྭ་ཐོག་མར་གྲུབ་འབྲས་ཐོབ་པའི་ངང་ཞིབ་བཤེར་རྩིས་ལེན་བྱས་པ་དེས་རྗེས་མཐུད་ལས་གྲྭའི་ཨར་ལས་ཁྲོད་ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ་ལམ་ཐིག་ཧྲིལ་པོར་དུས་བཀག་ལྟར་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་རྒྱུར་རྨང་གཞི་འདིང་རྒྱུ་ཡིན་པ་རེད།

图片

    ད་སྔའི་བར་ཡུན་བོད་ལྕགས་ལམ་ས་དམ་ལམ་ཐིག་གི་ས་འོག་ཕུག་ལམ་ལས་གྲྭ་98.6%ལེགས་གྲུབ་ཟིན་ལ། གཙོ་གནད་ཚོད་འཛིན་ལས་གྲྭའི་འབྲི་ཆུའི་ཟམ་ཆེན་ཆེ་གྲས་ལ་ལྕགས་ལམ་འདིང་བའི་ཆ་རྐྱེན་འཛོམས་ཡོད་པ་རེད། གཡུ་ལུང་གངས་རིའི་ཕུག་ལམ་དང་ཧ་པ་གངས་རིའི་ཕུག་ལམ་ཨར་ལས་རྩ་འཛུགས་ཀྱི་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་4བའི་སྔ་རྗེས་སུ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། དེ་བྱིངས་ཀྱི་ཟམ་པ་དང་ལམ་གཞི། ས་ཚིགས་ཀྱི་ཁང་པ་བཅས་ཀྱི་ལས་གྲྭ་ཚང་མ་ལེགས་འགྲུབ་བྱུང་ཡོད། དྲ་ཐོག་ལྕགས་ལམ་འདིང་བ་དང་གདུང་མ་འདེགས་པ།གློག་བཞི་བཅས་ཀྱི་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

    ཡུན་བོད་ལྕགས་ལམ་ས་དམ་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་139.7ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གློག་ཤུགས་ཅན་གྱི་ལྕགས་ལམ་ཡིན་ཞིང་། རང་རྒྱལ་གྱི་དུས་ཡུན་འབྲིང་བ་དང་རིང་བའི་ལྕགས་ལམ་དྲ་བའི་འཆར་འགོད་ཁྲོད་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།  ས་དམ་གནའ་གྲོང་དང་། ལ་ཧྲི་མཚོ། གཡུ་ལུང་གངས་རི།  སྟག་མཆོང་གྲོག་རོང་།  ཧ་པ་གངས་རི།  སེམས་ཀྱི་ཉི་ཟླ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་དང་སྦྲེལ་བའི་"མཁའ་ལམ་ཡག་ཤོས་"འདི་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་དུ་ཡུལ་སྐོར་དུས་ཚོད་ཆེས་ཆེར་ཉུང་དུ་བཏང་ནས་ཡུན་ནན་བདེ་ཆེན་ཁུལ་དུ་སྐྱོད་པའི་"བདེ་སྐྱིད་ལམ་དང་ཕྱུག་འགྱུར་ལམ་བུ་"ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།