རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར།ཡུན་ནན་ཞིང་ཆེན་མཐོ་རིང་སློབ་འབྲིང་གི་སློབ་གཉེར་ཆུ་ཚད་ཀྱི་གདེང་འཇོག་ཇུས་གཞིའི་གོ་རིམ་དང་དམིགས་ཚད་མ་ལག་ལ་དཔྱད་དཔོག་བྱས་པ་བརྒྱུད།བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་ཡིག་ཐོག་སྙན་ཞུ་དེ་ཡུན་ནན་ཞིང་ཆེན་གྱི་རིམ་པ་གཉིས་པའི་ཨང་རིམ་དང་པོའི་ཆ་ཚང་སློབ་འབྲིང་ལ་གཏན་འབེབས་བྱས་པ་རེད།
1994ལོར་སློབ་གྲྭ་བཙུགས་པ་ནས་བཟུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི“རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་སྐད་གཉིས་སློབ་འབྲིང་རྩེ་གྲ་གཏོད་པའི”དམིགས་ཚད་བླང་བྱ་གཞིར་བཟུང་།ཁུལ་བོད་ཡིག་སློབ་འབྲིང་གིས་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་པར་རིས་ཆ་འཕྲིན་ཐོག་ཁང་དང་།ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་།ལུས་རྩལ་ཁང་།བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས།སློབ་མའི་ཉལ་ཁང་།སློབ་མའི་ཟ་ཁང་།དགེ་རྒན་གྱི་ཁང་གླ་ཁེ་བའི་སྡོད་ཁང་།དེ་བཞིན་ཞོར་གཏོགས་ལས་གྲྭ་བཅས་བསྐྲུན་ནས།རྒྱལ་ཁབ་ཀྱི་ཚད་གཞི་ལྟར་སློབ་གྲྭའི་གྲངས་འཛིན་དྲ་རྒྱ་སོགས་དེང་རབས་ཅན་གྱི་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་འཐུས་ཚང་བྱས་པ་དང་སློབ་གཉེར་མཉེན་ཆས་དང་མཁྲེགས་ཆས་ཀྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་དགེ་སློབ་3000ལྷག་ཙམ་གྱི་སློབ་སྦྱོང་དང་འཚོ་བར་ཆ་རྐྱེན་བཟང་པོ་བཏོད་ཡོད་པ་རེད།
བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་དང་བྱང་ཚད་སློབ་གསོར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་སློབ་གསོའི་སྤུས་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ནས།གསོ་རིག་དང་བོད་ཡིག་སློབ་གསོ།བོད་ཀྱི་སྐད་ཡིག་རིག་གནས་སོགས་ཀྱི་ལས་ཞུགས་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད།སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གཞི་རྩའི་ཀུན་སྤྱོད་ཀྱི་སྔོན་ཐོན་ཚན་པ་དང་།ཡུན་ནན་ཞིང་ཆེན་གྱི་དུས་བདེའི་སློབ་གྲྭཡུན་ནན་ཞིང་ཆེན་གྱི་ལྗང་མདོག་སློབ་གྲྭ ཡུན་ནན་ཞིང་ཆེན་གྱི་ཀུན་སྤྱོད་སློབ་གསོའི་སྔོན་ཐོན་སློབ་གྲྭཁུལ་རིམ་པའི་ཤེས་དཔལ་སློབ་གྲྭ་དང་དེ་བཞིན་ཁུལ་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་སྔོན་ཐོན་ཚན་པ་སོགས་ཀྱི་མཚན་སྙན་ཐོབ་པ་རེད།