གད་མོ་བགད་ན་ཚེ་ཇེ་རིང་དུ་འགྲོ་སྲིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-11   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

བསྡོམས་རྩིས་བྱས་པ་ལྟར་ན།བྱིས་པ་ཚོས་ཉིན་རེར་ཆ་སྙོམས་གད་མོ་ཐེངས་གྲངས་300ཡས་མས་དགོད་པ་དང་མི་དར་མ་རྣམས་ཉིན་རེར་ཆ་སྙོམས་ཐེངས་གྲངས་15-100ཡས་མས་དགོད་བཞིན་པ་དང་། སྤྱིར་བཏང་དུ་བུད་མེད་ནི་སྐྱེས་པ་ལས་གད་མོ་དགོད་རྒྱུར་དགའ་བ་ཡོད་པ་རེད། གད་མོ་དགོད་དེ་ཧབ་ཆ་བྱས་ན་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ཐོན་གྱི་ཡོད།  ཁྱེད་རང་གད་མོ་དགོད་བཞིན་པའི་སྐབས་སུ། གཟུགས་པོའི་ནང་དུ་འགྱུར་ལྡོག་ཅི་འདྲ་ཞིག་བྱུང་བཞིན་ཡོད་དམ།    《ཚེ་སྲོག་སྐབས་དོན་ཚགས་པར》གྱིས་ཞིབ་འཇུག་དང་ཟུང་འབྲེལ་བྱས་ནས་ཆེད་མཁས་པར་བཅར་འདྲི་བྱས་ཤིང་། རྒྱུན་དུ་གད་མོ་དགོད་ན་གཟུགས་པོའི་བདེ་ཐང་ལ་ཕན་པ་ཡོད་ཅེས་བརྗོད་ཡོད།      ལྷོ་ཕྱོགས་གསོ་རིག་སློབ་ཆེན་གྱི་ལྷོ་ཕྱོགས་སྨན་ཁང་སྐྲན་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཡིའུ་ཁྲང་ཤོན་གྱིས། གད་མོ་དགོད་པར་དགའ་བའི་མིའི་ཚེ་ཐག་ལོ་བཞི་ཇེ་རིང་དུ་འགྲོ་བ་དང་།གད་མོ་དགོད་ན་ལུས་པོ་ཡོངས་ལ་ཕན་པ་ལྡན་ཞེས་བརྗོད་འདུག     སི་ཕེན་གྱི་དབང་རྩའི་ནད་རིག་སློབ་ཚོགས་ཀྱིས་ཞིབ་འཇུག་སྣ་ཚོགས་ལ་ཕྱོགས་སྡོམ་བྱས་ནས་གསར་རྟོགས་བྱུང་བ་ལྟར་ན། གད་མོ་དགོད་དེ་ཧབ་ཆ་བྱེད་པའམ་འཛུམ་པར་དགའ་བའི་མི་རྣམས་ཀྱི་ཚེ་ཐག་དགོད་པར་མི་དགའ་བའི་མི་དང་བསྡུར་ན་ལོ་བཞི་དང་ཕྱེད་ཀ་ཡིས་རིང་བ་ཡོད་པ་རེད།    སེམས་ཁམས་སྐྱིད་པ་དེ་རིམས་འགོག་མ་ལག་ཇེ་སྟོབས་སུ་འགྱུར་བར་ཕན་ལ། དེས་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཐུབ། ལྷོ་ཕྱོགས་གསོ་རིག་སློབ་ཆེན་ལྷོ་ཕྱོགས་སྨན་ཁང་སྐྲན་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཡིའུ་ཁྲང་ཤོན་གྱིས་སེམས་ཁམས་སྨན་བཅོས་བྱེད་སྐབས“སྤྲོ་སྣང་འཕེལ་བར་བྱེད་པའི་བཅོས་ཐབས”ཀྱིས་ནད་པར་དགེ་མཚན་ལྡན་པའི་བསམ་བློའི་བརྩེ་དུང་ཉམས་སུ་མྱོང་ཐུབ་པར་ཕན་ཐོགས་ཡོད་ཅེས་བརྗོད།     ཁྱེད་རང་གད་མོ་དགོད་སྐབས་གཟུགས་པོའི་ནང་དུ་འགྱུར་ལྡོག་འདི་དག་བྱུང་བཞིན་ཡོད།     གནོན་ཤུགས་སྐུལ་རྩི་ཇེ་དམའ་རུ་འགྲོ་བ།   གད་མོ་དགོད་དེ་ཧབ་ཆ་ཐེངསགཅིག་བྱས་པ་ན་མིའི་ལུས་པོའི་ནང་གི་པགས་རྒྱུའི་ཕྲུན་དང་།མཁལ་སྟེང་གཤེར་རྨེན་རྒྱུ་དང་ཏོ་པ་ཨན་བཅས་གནོན་ཤུགས་སྐུལ་རྩི་རིགས་གསུམ་གྱི་ཆུ་ཚད་སོ་སོར་39%དང་།70%38%བཅས་ཇེ་དམའ་རུ་འགྲོ་སྲིད།     དྭངས་ཁྲག་རྒྱུ་ཟགས་ཐོན་བྱེད་པར་སྐུལ་འདེད་བྱེད་པ།    དགོད་འཛུམ་བྱས་པས་ཀླད་པའི་དྭངས་ཁྲག་ནང་གི་དབང་རྩའི་བརྡ་རྫས་ཟགས་ཐོན་ལ་སྐུལ་འདེད་བྱེད་ཅིང་།  དྭངས་ཁྲག་རྒྱུ་ཡིས་སུན་སྣང་གི་ཚོར་བ་བྱུང་བའི་སྣང་ཚུལ་ཇེ་ཉུང་དུ་བཏང་སྟེ་བདེ་སྐྱིད་ཀྱི་ཚོར་སྣང་སྟེར་ཐུབ་པ་ཡིན།    རིམས་འགོག་མ་ལག་ལ་ངར་སློང་བ།    གད་མོས་མི་ལུས་ཀྱི་ཚ་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་མ་ཟད།Kརྨེན་བུའི་ཕྲ་ཕུང་(རིམས་ཐར་ཕྲ་ཕུང་གི་རིགས་ཤིག་ཡིན་ལ།ནད་དུག་འགོག་པ་དང་གཞན་བརྟེན་སྲིན་འབུ།སྐྲན་ནད་སོགས་ཀྱི་ཕྱོགས་སུ་ནུས་པ་འདོན་ཐུབ)ཡི་གྲུང་གཤིས་ཇེ་མཐོར་གཏོང་ཐུབ་པས།གད་མོ་དགོད་ན་རིམས་འགོག་མ་ལག་གི་བྱེད་ནུས་ཇེ་བཟང་དུ་སོང་ནས་ལུས་པོའི་བདེ་ཐང་ལ་སྲུང་སྐྱོང་བྱེད་ཐུབ་པ་ཡིན། 


    ཟུག་གཟེར་ཞི་བར་ཕན་པ།     གད་མོ་དགོད་ན་ཟུག་གཟེར་ཞི་ལྷོད་དུ་གཏོང་པར་ཕན་པ་སྟེ། གད་མོ་དགོད་ཚེ་མིའི་ལུས་པོ་ལས་ཕེ་ཐའེ་(啡肽)འདོན་ཐུབ་པ། རྒྱུ་དེ་ནི་རང་བྱུང་གི་ཟུག་འཇོམས་ཀྱི་སྨན་ཞིག་ཡིན་པས།ང་ཚོའི་ན་ཟུག་ཐེག་པའི་ནུས་པ་ཇེ་ཆེར་གཏོང་ཐུབ། དེ་བས་ང་ཚོར་ནད་ཀྱི་ན་ཟུག་གིས་མནར་སྐབས།སྤྲོ་བོ་ཡོང་ཐབས་བྱས་ན་ཟུག་གཟེར་ཞི་བར་ཕན་པ་ཡིན།      ཁྲག་གི་འཁོར་སྐྱོད་ལེགས་བཅོས་བྱེད་པ།     གད་མོ་དགོད་པའི་སྐབས་སུ།དབང་པོའི་ནང་གི་ཁྲག་གི་བཞུར་ཚད་ཇེ་མང་དུ་འགྲོ་བ་དང་།ཁྲག་གི་འཁོར་སྐྱོད་ལ་ལེགས་བཅོས་བྱེད་ཐུབ། གཞན་ཡང་།གད་མོ་དགོད་དེ་ཧབ་ཆ་བྱས་ཚེ་ཁྲག་རྩ་རྒྱ་སྐྱེད་པ་དང་།ཀླད་པར་ཁྲག་མཁོ་འདོན།ཁྲག་ཤེད་ཇེ་དམའ་རུ་གཏོང་བ་བཅས་ཀྱི་ནུས་པ་ཐོན་གྱི་ཡོད་པས། གད་མོ་དགོད་པ་ལ“རང་བྱུང་གི་ཁྲག་འབེབས་སྨན་”ཅེས་པའི་བརྗོད་སྲོལ་ཡང་ཡོད།        ལྡོག་ཕྱོགས་ནས་དུས་ཡུན་རིང་བོར་གད་མོ་དགོད་པར་དགའ་པོ་མེད་པའི་མི་རྣམས་ལ་བལྟས་ན། འཇར་པན་ཧྲན་ཁྲང་སློབ་ཆེན་གསོ་རིག་སློབ་གླིང་གིས་ཞིབ་འཇུག་བྱས་པ་ལས་གསར་རྟོགས་བྱུང་བར་ལྟར་ན།གད་མོ་གོད་དགོད་ཉུང་བའི་མི་རྣམས་ཀྱི་ཁྲོད་དུ་སྐྱེས་པ་དང་།ཐ་མག་འཐེན་མཁན།ལུས་སྦྱོང་མི་བྱེད་མཁན།གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་བཅས་མང་པོ་ཡོད་པ་རེད།     གད་མོ་དགོད་པར་དགའ་ཤོས་ཀྱི་མི་དང་བསྡུར་ན།  གད་མོ་དགོད་ཉུད་ཤོས་ཀྱི་མི་རྐྱེན་གང་རུང་གིས་ཚེས་ལས་འདས་ཚད་ལྡབ་1.95ཡིན་ཞིང་།སྙིང་གི་ཁྲག་རྩའི་དོན་རྐྱེན(ཀླད་པར་གྲིབ་ནད་ཕོག་པ་དང་སྙིང་ཁྲག་འགག་པ།སྙིང་ལ་ཟུག་གཟེར་ལངས་པ་སོགས)བྱུང་ཚད་ལྡབ1.62ཡིན་པ་རེད།