བདེ་སྐྱིད་དང་འཆམ་མཐུན་ལྡན་པའི་དགའ་ལྡན་སུམ་རྩེན་གླིང་།

རྩོམ་པ་པོ།   པད་ཚེ།གཡང་མཚོ་པདྨ་མཚོ། རིན་ཆེན།  ཡིག་བསྒྱུར།       དུས་ཚོད།   2022-03-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

▲ དགའ་ལྡན་སུམ་རྩེན་གླིང་གི་སྤྱིའི་བཀོད་པ།

       ད་བར་ལོ་341ལྷག་ཉེ་བའི་ལོ་རྒྱུས་ཡོད་པའི་དགའ་ལྡན་སུམ་རྩེན་གླིང་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཆབས་ཅིག དགོན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ། གྲྭ་བའི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་བ། དགོན་སྡེའི་ཁང་ཚན་བརྒྱད་ཀྱི་གྲྭ་བ་600ལྷག་ལ་“ཆབ་སྲིད་ཐད་བློས་འགེལ་ཆོག་པ། ཆོས་ལུགས་ཐད་མཁྱེན་རྒྱ་ཆེ་བ། ཀུན་སྤྱོད་ཐད་མང་ཚོགས་ཀྱི་བློ་ལ་བབས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་”ཚད་གཞི་བཞི་ལག་བསྟར་བྱེད་པ་མ་ཟད། སྔར་དང་འདྲ་བའི་མི་རིགས་ཁག་མཐུན་སྒྲིལ་རོགས་རམ་བྱེད་པའི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱས་ཡོད།

  ▲2021ལོའི་ཟླ་12ཚེས་29ཉིན། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་བདེ་ཆེན་ཁུལ་དུ་མི་རིགས་ཆོས་ལུགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།རིག་གནས་ཡུལ་སྐོར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཝང་ཉིང་སུམ་རྩེན་གླིང་དུ་ཕེབས་ནས་དགོན་སྡེའི་ལོ་རྒྱུས་མཁྱེན་རྟོགས་ཞིབ་ཕྲ་གནང་ལ་དགོན་སྡེའི་དོ་དམ་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་བྱས། རྟོག་ཞིབ་རིང་གྲྭ་བའི་འཐུས་མི་དང་སུམ་རྩེན་གླིང་གི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་།   སུམ་རྩེན་གླིང་གི་དམངས་གཙོ་དོ་དམ་ཅུས་ཀྱི་འགན་འཁུར་བ་སོགས་དང་བཞུགས་མོལ་སྤེལ་རེས་གནང་ནས་སུམ་རྩེན་གླིང་གིས་ལོ་མང་རིང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་དང་ཆོས་ལུགས་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བར་ཁས་ལེན་གནང་བ།

     མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྡོ་རིང་བཙུགས་པ།

    1936ལོའི་ཟླ་4པའི་ཟླ་སྨད་དུ།དམག་དཔུང་ཚོགས་གཉིས་པ་དང་དྲུག་པའི་ཧོ་ལུང་དང་རེན་པི་ཧྲི།ཀོན་ཞང་དབྱིན།ཞའོ་ཁེ།ཝང་ཀྲེན་བཅས་ཀྱིས་འགོ་ཁྲིད་འོག་བདེ་ཆེན་ཁུལ་གྱི་མངའ་ཁོངས་སུ་ཕེབས་ལ། བྱང་སྐྱོད་ལས་འགན་བདེ་བླག་ངང་ལེགས་གྲུབ་ཡོང་ཆེད། དམར་དམག་གིས་སུམ་རྩེན་གླིང་གི་གྲྭ་བར་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་སོགས་ངོ་སྤྲོད་བྱས་པ་བརྒྱུད་གྲྭ་བ་ཚོས་དམར་དམག་ལ་ངོས་འཛིན་རགས་ཙམ་བྱུང་།དགོན་སྡེའི་སྤྲུལ་སྐུ་ཟངས་འབུམ་གྱིས་བྲག་སྣ་མགོ་བ་འཐུས་མི་ཞིག་ཡིན་པའི་ངོས་ནས་དམར་དམག་དང་འབྲེལ་བ་བྱེད་པར་མངགས་ལ། ཧོ་ལུང་གིས་ཁོང་ལ་བོད་རིགས་སྤུན་ཟླར་དམར་དམག་གིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ལ་བརྩི་འཇོག་བྱེད་པ་དང་གྲྭ་བ་དང་ཚང་མའི་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་ཤོད་རོགས་ཞེས་བཤད་པ་རེད། ཟླ་5ཚེས་2ཉིན། ཧོ་ལུང་དང་རེན་པི་ཧྲི།ཀོན་ཞང་དབྱིན་སོགས་གདན་ཞུས་ལྟར་སུམ་རྩེན་གླིང་དུ་ཕེབས་པར་དགེ་འདུན་པ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད། ཧོ་ལུང་གིས་“མི་རིགས་དར་རྒྱས་གཏོང་དགོས”ཞེས་པའི་ལེགས་སྐྱེས་སུམ་རྩེན་གླིང་ལ་ཕུལ་ཞིང་།དེ་ནི་བོད་རིགས་མི་དམངས་བདེ་འཇགས་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་རེད།སུམ་རྩེན་གླིང་ཕྱོགས་ཀྱིས་དེ་མ་ཉིད་དུ་དམར་དམག་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བཤད་ལ། དེ་རྗེས་དགོན་པས་འབྲུ་མཛོད་3ཕྱེ་ནས་འབྲུ་རིགས་རྒྱ་མ་ཁྲི་6ཙམ་དམར་དམག་ལ་བཙོངས་པ་མ་ཟད། ད་དུང་དམར་དམག་གི་ཆེད་དུ་བུ་རམ་དང་ཀན་ཧྥན་སོགས་ཟས་རིགས་གྲབས་གསོགས་བྱེད་རོགས་གནང་ཡོད།       

▲དམར་དམག་རྒྱང་སྐྱོད་སེམས་ཀྱི་ཉི་ཟླར་སྐྱོད་སྐབས། དམར་དམག་དང་གྲྭ་བའི་བར་བརྩི་དུང་ཟབ་མོ་ཆགས་ཡོད་པའི་དྲན་གསོ་འཇིམ་སྐུ།

       མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་།

       དམར་དམག་བསྐྱོད་རྗེས། དམག་དམངས་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་གཏམ་བཟང་ཞིག་བཞག་ཡོད་པ་མ་ཟད།ད་ལྟའི་བར་རྒྱུན་མཐུད་བྱས་ཡོད། སྤྱི་ལོ་1679་ལོར་ནི་ཏཱ་ལའི་སྐུ་ཕྲེང་ལྔ་པས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་རྒྱལ་པོ་ཁང་ཞི་ཡི་ཆོག་མཆན་གནང་བ་བརྒྱུད།ཏཱ་ལའི་སྐུ་ཕྲེང་ལྔ་པས་གནས་ཡུལ་གཏན་འཁེལ་བྱས་ཤིང་།སྤྱི་ལོ་1681ལོར་བཞེངས་ལ་ཏཱ་ལ་སྐུ་ཕྲེང་ལྔ་པས་“དགའ་ལྡན་སུམ་རྩེན་གླིང་·"ཞེས་པའི་དགོན་མིང་གནང་བ་རེད།

▲ཆིང་རྒྱལ་རབས་ཀྱི་གཡུང་དྲུང་རྒྱལ་པོའི་སྐུ་ཉེ་ཆིན་ཝང་ཧོ་ཧྲུའོ་ཀུའོ་ཡིས་དགའ་ལྡན་སུམ་རྩེན་གླིང་ལ་"སེམས་ཅན་ཐམས་ཐད་སྡུག་བསྔལ་ལས་སྒྲོལ་བ"ཞེས་པའི་ཕྱག་བྲིས་གནང་བ།     

    1984ལོ་ནས་1989ལོའི་བར། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་100བཏང་ནས་དགོན་པ་བསྐྱར་སྐྲུན་བྱས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གིས་ཤུགས་ཆེའི་རྒྱབ་སྐྱོར་འོག་2009ལོ་ནས་སྲིད་གཞུང་གིས་སླར་ཡང་མ་དངུལ་སྒོར་དུང་ཕྱུར་1.415བཏང་ནས་བསྐྱར་སྐྲུན་བྱེད་འགོ་ཚུགས་པ་རེད། དེ་མིན་2010ལོར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་600དང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་སྒོར་ཁྲི་200བཏང་ནས་དམངས་གཙོ་དོ་དམ་ཨུ་ལྷན་གྱི་སྣེ་ལེན་ཁང་འཛུགས་སྐྲུན་བྱས། དགོན་སྡེ་འཛུགས་སྐྲུན་ལས་གཞན།སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ཐད་དགའ་ལྡན་སུམ་རྩེན་གླིང་གི་མདུན་ཕྱོགས་སུ་གནས་པའི་ལྷ་མོ་གཡང་མཚོ་སླར་གསོ་དང་སྲུང་སྐྱོང་བྱེད་པའི་ཐད་སྒོར་ཁྲི150བཏང་ནས་མཚེའུ་ནང་གི་འདམ་རྫབ་གཙང་སེལ་བྱས་ལ། མ་དངུལ་སྒོར་ཁྲི་150བཏང་ནས་གནས་ཆེན་རྒྱལ་བ་རིགས་ལྔའི་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་རེད་ཅེས་དགའ་ལྡན་སུམ་རྩེན་གླིང་དོ་དམ་ཅུས་ཀྱི་ལས་བྱེད་པ་ཧོ་ཀྲའོ་ནན་གྱིས་འདི་འདྲ་བཤད་པ།    

  

 ▲དྲག་ཆས་ཉེན་རྟོག་དཔུང་སྡེས་དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བ་རྣམས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ། 

    དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་དང་འདྲ་ཞིང་འཆམ་མཐུན་དགོན་སྡེ་མཉམ་དུ་བཙུགས་ཡོད།  2010ལོར་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་སྒོར་ཁྲི་200བཏང་ནས་དམངས་གཙོ་དོ་དམ་ཨུ་ལྷན་གྱི་སྣེ་ལེན་ཁང་འཛུགས་སྐྲུན་བྱས། དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གིས་དགའ་ལྡན་སུམ་རྩེན་གླིང་དོ་དམ་ཨུ་ལྷན་དང་ཉེན་རྟོག་དགོན་སྡེ་མཉམ་སྐྲུན་གྱི་གྲོས་མཐུན་བཞག་པ། དཔུང་སྡེས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དང་མཉམ་འབྲེལ་བྱས་ནས་དགོན་པར་སྨན་བཅོས་ཞབས་ཞུའི་བྱེད་སྒོ་ཐེངས་མང་སྤེལ་ནས་གྲྭ་བ་རྣམ་ལ་གཟུགས་པོ་བརྟག་དཔྱད་དང་བདེ་ཐང་གི་བློ་འདྲི་བྱས་པ་རེད། 2016ལོར། དྲག་ཆས་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་གིས་མ་དངུལ་སྒོར་ཁྲི་150ལྷག་ཙམ་བཏང་ནས་དགའ་ལྡན་སུམ་བཙན་གླིང་དགོན་པའི་འཕྲོད་བསྟེན་ཁང་བསྐྲུན།

       སུམ་རྩེན་གླིང་གི་མཁན་པོ་བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ། སྤྲུལ་སྐུ་ཟངས་འབུམ་བདེ་ཆེན་ཁུལ་གྱི་ཁུལ་དཔོན་དང་པོར་འདམས་ལ།    སྤྲུལ་སྐུ་བཀའ་འགྱུར་གྱིས་སྲིད་གྲོས་གྱི་ཀྲུའུ་ཞི་གཞོན་པར་འདམས་ཤིང་།  ཏང་གི་ཡང་དག་སྲིད་ཇུས་འོག་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་དམ་ཟབ་བྱས་པ་དང་།ཕ་ཡུལ་གྱི་འཛུགས་སྐྲུན་འཕེལ་རྒྱས་ཐད་སྟོབས་ཤུགས་ཕུལ་བ་རེད།དེ་རྗེས་སུ་སྤྲུལ་སྐུ་མཁར་གསར།སྤྲུལ་སྐུ་བུམ་གྲུབ་སོགས་དགོན་སྡེའི་བླ་མ་སྐྱེས་ཆེན་དེ་དག་གི་སྣེ་ཁྲིད་འོག  ས་ཡོམ་དང་། ཆུ་སྐྱོན། མེ་སྐྱོན་སོགས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ།གཞན་ཡང་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱེད་པའི་སྒོ་ནས།ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ངང་ཞུགས་ནས་དགོན་པའི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས།

      2018ལོའི་ཟླ་12པར། འབྲི་ཆུའི་འབྲུབ་བཀོག་ཐོན་པའི་སྐབས་སུ་སུམ་རྩེན་གླིང་གི་གྲྭ་བས་རང་འགུལ་ངང་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཞལ་འདེབས་མ་དངུལ་སྒོར་ཁྲི་18གྲབས་གསོག་བྱས་ཏེ། བལ་ཕྱར་1000དང་རྐང་འབོབ་ཆ་300ཉོས་ནས་གནོད་ཐེབས་སུ་ཁུལ་གྱི་མང་ཚོགས་ཀྱི་ལག་ཏུ་སྤྲད་པ་རེད།ད་དུང་ད་ཐེངས་ཀྱི་ཞལ་འདེབས་ཕུལ་བར་བལ་ཕྱར་དང་སྲིང་བལ་རྐང་འབོབ་ལྷག་མ་རྣམས་སེམས་ཀྱི་ཉི་ཟླ་དམིགས་བསལ་སློབ་གསོའི་སློབ་གྲྭར་བསྐྱལ་བ་རེད།
     2019་ལོ་ནས་བཟུང་།དགའ་ལྡན་སུམ་རྩེན་གླིང་གིས་དད་ལྡན་མང་ཚོགས་ཀྱིས་བསྙེན་བཀུར་བྱས་པའི་མ་དངུལ་ལོ་རེར་མ་དངུལ་སྒོར་ཁྲི་5སེམས་ཀྱི་ཉི་ཟླ་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་སྤྲད་ཡོད། གྲྭ་བ་རྣམ་གྱིས་ད་དུང་རང་མོས་ངང་སློབ་མ་ལ་སྲིལ་བལ་ཉལ་ཆས་དང་སློབ་གོས་སོགས་དངོས་ཟོག་སྤྲད་པ།
      2020་ལོའི་ཟླ་2པའི་ཚེས་2ཉིན།དགའ་ལྡན་སུམ་རྩེན་གླིང་གིས་བདེ་ཆེན་ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པ་བརྒྱུད་རིམས་ནད་འགོག་བཅོས་ཐད་སྒོར་ཁྲི་100ཞལ་འདེབས་ཕུལ་བ།དགོན་པའི་གྲྭ་བས་རང་འགུལ་ངང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པར་ཞལ་འདེབས་སྒོར་69538ཕུལ་བ་དང་བྱེད་ཐབས་གཞན་དག་བརྒྱུད་ཞལ་འདེབས་སྒོར་67448་ཕུལ་བ་རེད།

  ▲2020་ལོའི་ཟླ་2པའི་ཚེས་2ཉིན།དགའ་ལྡན་སུམ་རྩེན་གླིང་གིས་གློ་ཚད་རིམས་ནད་འགོག་བཅོས་ཐད་སྒོར་ཁྲི་100ཞལ་འདེབས་ཕུལ་བ།      

     2021ལོའི་ཟླ་7པའི་ཚེས་18ནས་ཚེས་21ཉིན་བར། ཧོ་ནན་ཀྲེང་ཀྲོའུ་རུ་དྲག་ཆར་བབས་པ་དང་གྲོང་ཁྱེར་དུ་འཁྱིལ་མཚོའི་གནོད་པ་ཚབས་ཆེན་བྱུང་ལ།མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས། སུམ་རྩེན་གླིང་གིས་ཧོ་ནན་གེགས་ཁུལ་ལ་སྒོར་ཁྲི་10ཞལ་འདེབས་ཕུལ་ནས་ད་ཐེངས་ཀྱི་འབྲུབ་འགོག་གེགས་སེལ་ལ་གཅེས་སེམས་ཤིག་ཕུལ་བ་རེད།

   

  ▲དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བས་ཞལ་འདོན་བཞིན་པ། 

    གློ་བུར་དུ་ཐོན་པའི་གནོད་འཚེའི་མདུན་དུ། སུམ་རྩེན་གླིང་གི་གྲྭ་བས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཤིང་།དངུལ་དང་དངོས་པོའི་ཞལ་འདེབས་ཕུལ་ནས་དུས་ཐོག་ཏུ་དཀའ་ངལ་ལས་མཐར་བར་བྱས། འདིས་གྲྭ་བ་རྣམ་གྱི་རྒྱལ་གཅེས་ཀྱི་བརྩེ་སེམས་གང་ལེགས་མཚོན་ཡོད་ལ། སྤྱི་ཚོགས་ཀྱི་གཟུགས་བརྙན་བཟང་པོ་ཞིག་བཏོད་ཡོདཔ་རེད།བདེ་ཆེན་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ལས་བྱེད་པ་བློ་བཟང་ཡེ་ཤེས་ཀྱིས་འདི་འདྲ་བཤད་པ།

  

▲དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བས་དགུ་གཏོར་ཐོག་འབག་འཆམ་བཞིན་པ།                

       མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་མཉམ་དུ་གཏོད་པ།

       ཐོག་མཐའ་བར་གསུམ་དུ།སུམ་རྩེན་གླིང་གིས་ལོ་ལྟར་ཆོས་ལུགས་ནང་བསྟན་བྱེད་སྒོ་སྣ་མང་སྒྲིག་འཛུགས་བྱས་ཡོད།  དཔེར་ན། དགོན་སྡེས་སྒྲིག་འཛུགས་བྱས་པ་དང་དད་ལྡན་མང་ཚོགས་ཞུགས་ཡོད་པའི་དགུ་གཏོར་དང་། དགོན་སྡེ་དང་དད་ལྡན་མང་ཚོགས་མཉམ་དུ་ཞུགས་པའི་སྨོན་ལམ་ཆེན་པོ་སོགས་ཀྱི་དུས་ཆེན་ནང་དུ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་གྱི་ཕུགས་འདུན་བཟང་པོ་གང་ལེགས་མཚོན་ཡོད།  

       དགོན་པས་འཆམ་མཐུན་དགོན་སྡེའི་ཚད་གཞི་དེ་རྒྱུན་གཏན་གྱི་ཚད་གཞིར་བྱས་ཤིང་། སྒྲིག་སྲོལ་ལམ་ལུགས་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ།བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་རིག་གནས་དར་སྤེལ་བཏང་སྟེ་རྒྱ་ཆེའི་གྲྭ་དམངས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་མཐའ་སྐོར་གྱི་བོད་རིགས་དང་འཇང་རིགས། པའེ་རིགས་སོགས་མི་རིགས་ཁག་གི་དད་ལྡན་མང་ཚོགས་རྡོ་མཁར་རྫོང་དུ་གནས་པའི་ལྷ་མཁར་དུ་མཆོད་མཇལ་གནང་བར་ཕེབས་སྲོལ་ཡོད། དེ་ནི་མི་རིགས་ཁག་འཆམ་མཐུན་མཉམ་གནས་མཚོན་ཐུབ་ཤོས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཞིག་རེད།དགའ་ལྡན་སུམ་རྩེན་གླིང་གཏེར་མ་རོང་ཁམས་ཚན་གྱི་དགེ་སློང་ལྷ་མཁར་གྱི་གཉེར་བ་ངག་དབང་གྲགས་པས་ད་ཆ་ང་ཚོའི་སྡོད་གནས་ཀྱི་ཆ་རྐྱེན་དང་འཚོ་བའི་སྤུས་ཚད་ཚང་མ་ཧ་ཅང་ཡག་པོ་ཡོད་པས་ང་ཚོས་དུས་རབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བཤད་ཡོད།

 

 ▲དགའ་ལྡན་སུམ་རྩེན་གླིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས།     

     ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་དགའ་ལྡན་སུམ་རྩེན་གླིང་ལས་གཞན། སེམས་ཀྱི་ཉི་ཟླར་ཆགས་པའི་གནས་ཆེན་རྒྱལ་བ་རིགས་ལྔ་དང་ཇོ་ཁང་དུ་ལྟ་སྐོར་དུ་ཡོང་མཁན་ཉིན་བཞིན་མང་དུ་འགྲོ་བ། ལོ་གསར་ཚེས་དགུ། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བས་འདི་གར་སྤྲོ་སྣང་ཆེན་པོས་དྲན་རྟེན་དངོས་པོ་སྣ་ཚོགས་འདེམས་ཉོ་བྱས་ནས་དྲན་རྟེན་པར་རྒྱག་བཞིན་ཡོད་པ་རེད།

       སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་རྫོང་མགོར་གནས་པའི་ཇོ་ཁང་གི་གཉེར་བ་བློ་བཟང་ཡར་འཕེལ་གྱིས་ཇོ་ཁང་གི་ཉེ་འགྲམ་དུ་འཇིག་རྟེན་ཐོག་ཆེས་ཆེ་བ་དང་ཅི་ཉི་སིའི་ཟིན་ཐོ་ལས་བརྒལ་བའི་རྒྱལ་མཚན་ཡོད་པ་དང་། ཇོ་ཁང་འོག་གི་མི་རིགས་མཐུན་སྒྲིལ་ནགས་ཚལ་དུ་མི་རིགས་56གིས་མཉམ་དུ་བཙུགས་པའི་སྡོང་བོ་ཡང་ཡོད་པས། དུས་རྒྱུན་དུ་ང་ཚོས་གཟབ་ནན་གྱིས་མེ་དང་གློག་བཀོལ་ནས་ཇོ་ཁང་གི་ཉེ་འཁོར་གྱི་ཁོར་ཡུག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བཤད་པ།

 ▲དགའ་ལྡན་སུམ་རྩེན་གླིང་གིས་སྨོན་ལམ་ཆེན་པོར་བྱམས་པ་བསུ་བཞིན་པ།     

       དགོན་པས་ད་དུང་“ སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན ”ཞེས་པའི་འདུ་ཤེས་དང་ལེན་ཧུར་ཐག་ཞུས་ནས། དགོན་པའི་གྲྭ་བ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཡ་རབས་ངང་ཕྱག་རྟགས་འབུལ་རྒྱུར་ཁྲིད་སྟོན་བྱས་ཏེ། སྲོལ་རྒྱུན་གྱི་ཚེ་ཐར་གཏོང་བའི་གོམས་སྲོལ་དེ་འོས་འགན་སྡོང་འཛུགས་སུ་བསྒྱུར་བ་རེད།    2019ལོ་ནས་བཟང་།    ལོ་རེའི་ཟླ་3པར་དགོན་པའི་ཁམས་ཚན་སོ་སོ་དང་།   ལྷ་མཁར་སོགས་སུ་འོས་འགན་ཤིང་སྡོང་600བཙུགས་ཡོད།ཡང་ཐང་གི་ཡུལ་མི་ཆོས་འཛོམས་ཀྱིས་ང་ཚོས་དགོན་སྡེ་དང་མཉམ་དུ་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས།ཁོར་ཡུལ་ལ་གནོད་ཚེ་བྱུང་བ་བྱ་བ་སྒྲུབ་མི་ཉན་ཞེས་བཤད་བྱུང་།