རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-15   རྩོམ་ཁུངས།    མི་དམངས་དྲ་བ།
ཏོག་གསར་ནད་དུག་བརྟག་དཔྱད་ཀྱི་ཐབས་ཇུས་སྔར་བས་ལེགས་སུ་གཏོང་ཆེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ཚོད་འཛིན་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཉིང་སྐྱུར་བརྟག་དཔྱད་ཀྱི་རྨང་གཞིའི་ཐོག གདོད་འགོག་བརྟག་དཔྱད་ཁ་སྣོན་བྱ་རྒྱུའི་གཏན་འབེབས་བྱས་ཏེ《ཏོག་གསར་ནད་དུག་གི་གདོད་འགོག་བརྟག་དཔྱད་ཀྱི་བཀོལ་སྤྱོད་ཇུས་གཞི(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་པ་རེད།
ཅི་ཞིག་ལ་གདོད་འགོག་བརྟག་དཔྱད་ཟེར། རང་གིས་རང་ལ་བརྟག་དཔྱད་བྱས་ནས་གདགས་གཤིས་ཡིན་ན་གང་འདྲ་བྱེད་དགོས་སམ། ཉིང་སྐྱུར་བརྟག་དཔྱད་ཀྱི་ཚབ་བྱེད་ཐུབ་བམ། ཇུས་གཞི་ལྟར། གསར་འགོད་པས་དབང་གྲགས་སྡེ་ཁག་ལ་བཅར་འདྲི་བྱས་པའི་ཆེད་མཁས་པས་འགྲེལ་བཤད་བྱས་པ་རེད།
གཅིག གདོད་འགོག་བརྟག་དཔྱད་ནི་ཅི་ཞིག་ཡིན་ནམ།
ནད་དུག་མི་ལུས་ལ་ཕོག་ཡོད་མེད་ཐད། མིག་སྔར་བརྟག་དཔྱད་བྱ་ཐབས་གསུམ་ཡོད་དེ། ཉིང་སྐྱུར་བརྟག་དཔྱད་དང་གདོད་འགོག་བརྟག་དཔྱད། འགོག་གཟུགས་བརྟག་དཔྱད་བཅས་སོ།། སྔོན་གྱི་དེ་གཉིས་ཀ་ཐད་ཀར་དུ་ནད་དུག་བརྟག་དཔྱད་བྱེད་པའི་ཐབས་སུ་གཏོགས།
ཉིང་སྐྱུར་བརྟག་དཔྱད་དང་བསྡུར་ན། གདོད་འགོག་བརྟག་དཔྱད་ཀྱི་འགྲོས་ཚད་ལྷག་ཏུ་མགྱོགས་ཤིང་། བཀོལ་སྤྱོད་ཀྱང་ཧ་ཅང་སྟབས་བདེ་ཡིན་མོད། འོན་ཀྱང་ཡང་དག་པའི་ཚད་ཅུང་དམའ། སྤྱིར་བཏང་དུ་འགོས་ནད་ཕོག་པའི་སྔ་དུས་སུ་བཀོལ་དགོས། རིམས་ནད་ཐོན་རྗེས་རྒྱལ་ཁབ་མང་པོས་ཉིང་སྐྱུར་བརྟག་དཔྱད་དེ་ཏོག་གསར་ནད་དུག་བརྟག་དཔྱད་ཀྱི་ཚད་གཞི་ཡང་དག་ཡིན་པ་ཀུན་གྱིས་ཁས་ལེན་བྱས་པ་དང་ཆབས་ཅིག གདོད་འགོག་བརྟག་དཔྱད་ཁྱབ་གདལ་ཡང་བཏང་ནས་དེ་ཁ་གསབ་ནུས་ལྡན་ཞིག་ཏུ་བརྩིས་ཡོད།
《ཏོག་གསར་ནད་དུག་གི་གདོད་འགོག་བརྟག་དཔྱད་བཀོལ་སྤྱོད་ཇུས་གཞི》ལྟར་ན། གདོད་འགོག་གདགས་གཤིས་སུ་གྱུར་བའི་མཇུག་འབྲས་ནི་དོགས་ཡོད་མི་ཚོགས་ཀྱི་སྔ་དུས་ཀྱི་དབྱེ་འབྱེད་དང་མགྱོགས་མྱུར་དོ་དམ་ལ་བཀོལ་ཆོག འདེམ་པའི་གདོད་འགོག་བརྟག་དཔྱད་ཚོད་ལྟར་ངེས་པར་དུ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་དགོས།
གཉིས། མི་ཚོགས་གང་དག་ལ་འཚམ་པ་ཡིན་ནམ།
གོང་སྨོས་ཀྱི་ཇུས་གཞིའི་ནང་དུ་གདོད་འགོག་བརྟག་དཔྱད་བཀོལ་སྤྱོད་ཆོག་པའི་མི་ཚོགས་གཏན་འབེབས་བྱས་ཡོད་དེ། གཅིག་ནི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཚན་པར་སྨན་པ་བསྟེན་པ་དང་ཆབས་ཅིག དབུགས་ལམ་དང་ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་པར་མ་ཟད། ནད་རྟགས་ཐོན་ནས་ཉིན་ལྔའི་ནང་ཚུན་གྱི་མི་སྣ་དང་། གཉིས་ནི་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པའི་མི་སྣ་ཡིན་ཞིང་། དེའི་ཁོངས་སུ་ཁྱིམ་དུ་ལོགས་སུ་བཀར་ནས་ལྟ་ཞིབ་དང་འབྲེལ་བ་ཟབ་མོ་ཅན། འབྲེལ་བ་ཕལ་བ་ཅན། རྒྱལ་ཁོངས་སུ་འཛུལ་ནས་ལོགས་སུ་ལྟ་ཞིབ་བྱེད་པ། བཀག་སྡོམ་ཚོད་འཛིན་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་ནང་གི་མི་སྣ་བཅས་ཚུད་ཡོད། གསུམ་ནི་རང་གིས་རང་ལ་བརྟག་དཔྱད་ཀྱི་དགོས་མཁོ་ཡོད་པའི་སྡེ་ཁུལ་གྱི་གྲོང་མི་ཡིན།
ཇུས་གཞི་ལྟར་ན། སྡེ་ཁུལ་གྱི་གྲོང་མིར་རང་ངོས་ཀྱི་བརྟག་དཔྱད་དགོས་མཁོ་ཡོད་ཚེ་སིལ་ཚོང་སྨན་ཁང་དང་དྲ་རྒྱའི་བྲིན་ཚོང་ལས་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད། རང་འགུལ་ངང་གདོད་འགོག་བརྟག་དཔྱད་ཚོད་ལྟའི་དངོས་པོ་ཉོས་ནས་རང་ཉིད་ཀྱིས་བརྟག་དཔྱད་བྱེད་ཆོག་གི་ཡོད་པ་རེད།
གསུམ། ཉིང་སྐྱུར་བརྟག་དཔྱད་ཀྱི་ཚབ་བྱ་ཆོག་གམ།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དམིགས་བསལ་གསལ་བཤད་བྱས་པར་གཞིགས་ན། ཉིང་སྐྱུར་བརྟག་དཔྱད་ནི་སྔར་བཞིན་ཏོག་གསར་ནད་དུག་ཕོག་མིན་དབྱེ་འབྱེད་ཀྱི་གཞི་འཛིན་ས་ཡིན་པ་དང་། གདོད་འགོག་བརྟག་དཔྱད་དེ་ཁ་གསབ་ཀྱི་བྱ་ཐབས་ཤིག་ཡིན་པའི་ངོས་ནས་དམིགས་བསལ་གྱི་མི་ཚོགས་ལ་བརྟག་དཔྱད་བྱེད་པར་སྤྱོད་ཆོག་པ་དང་སྔ་ཙམ་ཤེས་རྟོགས་ཐུབ་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད།
ཇུས་གཞི་ལྟར་ན། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཡོད་ཚེ་ཐོག་མར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་མི་ལྡན་ཚེ་གདོད་འགོག་བརྟག་དཔྱད་བྱས་ཆོག
ལོགས་བཀར་ལྟ་ཞིབ་མི་སྣ་དང་སྡེ་ཁུལ་གྱི་གྲོང་མིས་གདོད་འགོག་བརྟག་དཔྱད་བྱེད་སྐབས། གསལ་བཤད་ཡི་གེ་ནན་ཏན་ངང་ཀློག་པ་དང་བཀོལ་སྤྱོད་ཚད་ལྡན་ཡོང་བ་བྱེད་དགོས། དོགས་ཡོད་མི་ཚོགས་ཀྱི་གདོད་འགོག་གདགས་གཤིས་དང་སྲིབས་གཤིས་ཡིན་པའི་མཇུག་འབྲས་ཚང་མར་སྔར་ལས་ལྷག་པའི་ཉིང་སྐྱུར་བརྟག་དཔྱད་བྱ་དགོས། གདོད་འགོག་གདགས་གཤིས་ཡིན་པའི་མཇུག་འབྲས་ནི་ཏོག་གསར་ནད་དུག་འགོས་པའི་གཞི་འཛིན་ས་མིན།
བཞི། གདོད་འགོག་རང་བརྟག་གདགས་གཤིས་ཡིན་ན་ཇི་ལྟར་བྱ་དགོས་སམ།
ཇུས་གཞི་ལྟར་ན། གདོད་འགོག་རང་བརྟག་གདགས་གཤིས་ཡིན་པའི་མི་སྣས་དབུགས་ལམ་དང་ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་ཡོད་མེད་གང་ཡིན་རུང་། མྱུར་དུ་རང་ཡོད་སའི་སྡེ་ཁུལ་ལ་ཡར་ཞུ་བྱས་ཏེ། སྡེ་ཁུལ(གྲོང་རྡལ)འབྲེལ་གཏུག་མྱུར་སྐྱོབ་ལྟེ་གནས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་ཚུལ་ལ་གཞིགས་ནས་འབྲེལ་ཡོད་མི་སྣའི་བྱ་བའི་ཕྱོགས་སྟོན་ལྟར་སྡོད་དམངས་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་སྡེ་ཁག་ཏུ་སྐྱེལ་ནས་ཉིང་སྐྱུར་བརྟག་དཔྱད་བྱ་དགོས།
དེ་དང་ཆབས་ཅིག གདགས་གཤིས་མི་སྣས་བེད་སྤྱོད་བྱས་པའི་སྨན་རྫས་སོགས་ཐུམ་རྒྱབ་པའི་ཁུག་མའི་ནང་བླུགས་ནས་མཉམ་དུ་སྨན་བཅོས་སྒྲིག་གཞིར་བརྒྱུད་སྤྲོད་བྱས་ཏེ་སྨན་བཅོས་ཟོག་རོ་ལྟར་ཐག་གཅོད་བྱ་དགོས།
གདོད་འགོག་རང་བརྟག་སྲིབས་གཤིས་ཡིན་ཡང་ནད་རྟགས་ཡོད་པའི་མིས་ཇུས་གཞི་ལྟར་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་སྡེ་ཁག་ཏུ་སོང་ནས་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་པ་དང་། གལ་ཏེ་སྨན་པར་སྟོན་མི་བདེ་ན་ཁྱིམ་ནས་རང་ཉིད་ལོགས་སུ་བཀར་ནས་ཕྱི་རོལ་དུ་འགུལ་སྐྱོད་བྱེད་པར་མི་འགྲོ་བ་དང་། ཉིན་5བསྟུད་མར་ཉིན་རེར་གདོད་འགོག་རང་བརྟག་ཐེངས་གཅིག་བྱ་དགོས།
གསར་འགྱུར་འོས་སྦྱོར།
ཁྱེད་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དག་ཁོ་ཚོས་གླེང་འདུག
གཉེན་རྟེན་མཐོན་པོ་ལེན་པའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས།
ཕག་ཤའི་རིན་གོང་ཆག་པས་རྒྱལ་ཁབ་ཀྱིས་བྱ་ཐབས་བཏོན།
དམིགས་ཚད་ལས་འགན་འདི་དག་ལེགས་གྲུབ་བྱུང་འདུག
རྒྱལ་ཡོངས་སྲིད་གྲོས་གྲོས་ཚོགས་ཀྱི་གྲོས་རིམ་བཏོན་འདུག