མགྱོགས་ཐུག་གི་སྐྱུར་ཚལ་བཟོ་སྟངས་བཙོག་པ་ཞིག་དམར་རྗེན་དུ་བཏོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-17   རྩོམ་ཁུངས།    གངས་ལྗོངས་འཕྲིན་གསར།


        ཟླ3པའི་ཚེས15ཉིན་གྱི་དགོང་མོ།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས2022ལོའི“3·15”དགོང་ཚོགས་འཚོགས་པ་དང་། དགོང་ཚོགས་ཐོག སྐད་གྲགས་ཆེ་བའི་ཁེ་ལས་མང་བོར་སྐྱུར་ཚལ་བཟོ་རོགས་བྱེད་པའི་ཁེ་ལས་དམར་རྗེན་དུ་བཏོན་པ་རེད། སྐྱུར་ཚལ་ཐོན་སྐྱེད་ཁོར་ཡུག་བཙོག་པ་དང་ཚད་གཞི་ལས་བརྒལ་བའི་རུལ་རྩི་དག་ནི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་རེད། 

        ཁྲ་ཆི་ཚལ་ལས་རིགས་ནི་ཧུའུ་ནན་ཞིང་ཆེན་ཧྭ་རུང་རྫོང་གི་སྔོ་ཚལ་ལས་སྣོན་ཁེ་ལས་ཆེ་གྲས་ཤིག་ཡིན་ཞིང་། དེས་གྲགས་ཅན་ཁེ་ལས་མང་པོ་ཞིག་ལ་སྐྱུར་ཚལ་བཟོ་རོགས་བྱེད་པ་དང་། མགྱོགས་ཐུག་ཁེ་ལས་ཁག་གཅིག་ལའང་སྐྱུར་ཚལ་ལས་སྣོན་བྱེད་རོགས་བྱེད་ཀྱི་ཡོད་པས། ལའོ་ཐན་བཟོ་རྩལ་དང་    དུས་ཚང་སྐྱུར་བསྙལ་སྒྱུ་རྩལ་གྱིས་གྲགས་པ་ཁྱབ།

        གསར་འགོད་པས་ཡུལ་དངོས་ནས་ལྐོག་ཞིབ་བྱས་པ་བརྒྱུད། ཁེ་ལས་དེའི་ཚད་ལྡན་ཅན་གྱི་བསྙལ་རྫིང་ནང་བསྙལ་བའི་སྐྱུར་ཚལ་ནི་ཕྱིར་གཏོང་ཐོན་རྫས་ལས་སྣོན་གྱི་སྤྱོད་བྱ་ཡིན་པ་དང་། ལའོ་ཐན་སྐྱུར་ཚལ་གྱི་སྐྱུར་ཚལ་ཁུག་པོ་ནི་ཕྱི་རོལ་ནས་ཉོ་སྒྲུབ་བྱས་པའི“ས་དོང་གི་སྐྱུར་ཚལ”ཡིན་པ་ཤེས་རྟོགས་བྱུང་ཡོད། 

        སྐྱུར་ཚལ་བསྙལ་བའི་ས་དོང་གི་ཉེ་འགྲམ་དུ། ལས་མི་ལ་ལས་འདྲུད་ལྷམ་གྱོན་ཞིང་། ལ་ལས་རྐང་རྗེན་མས་སྐྱུར་ཚལ་རྡོག་རྫིས་བྱེད་བཞིན་ཡོད་པ་མ་ཟད། ཐ་ན་ལ་ལས་ཐ་མག་འཐེན་བཞིན་ལས་ཀ་ལས་ཀྱི་ཡོད་པ་དང་། ཐ་མག་འཐེན་ཚར་རྗེས་ཀྱི་དུ་རོ་ཐད་ཀར་སྐྱུར་ཚལ་ཐོག་དབྱུག་ཡོད། སྐྱུར་ཚལ་དེ་དག་ཁྲ་ཆི་ཚལ་ལས་རིགས་ཀྱིས་ཉོ་སྒྲུབ་བྱེད་དུས། སྐྱུར་ཚལ་མཁོ་འདོན་བྱེད་མཁན་གྱི་འཕྲོད་བསྟེན་ཚད་གཞི་ལ་ཞིབ་བཤེར་བྱེད་ཀྱི་མེད་པ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། གཡོད་དབྱང་གྲོང་ཁྱེར་ཅུན་ཧྲན་ཆུས་ཡཱ་ཡོན་བསྙལ་ཚལ་ཟས་རིགས་བཟོ་གྲྭས་ཀྱང་ཞིང་པའི་ས་དོང་ནང་གི་སྐྱུར་ཚལ་ཉོ་སྒྲུབ་བྱེད་བཞིན་ཡོད། བཟོ་ཁང་ནང་དུ་ཡུངས་སྐྱུར་དག་ཐད་ཀར་ས་ཐོག་ཏུ་བླུག་བཞག་འདུག ཐན་ཐན་ཆའོ་ཟས་རིགས་ཚད་ཡོད་ཀུང་སིའི་འགན་འཁུར་བས“ད་ལྟ་ང་ཚོས་བཟོས་པའི་སྐྱུར་ཚལ་འདི་དག་ནང་བླུགས་པའི་རིལ་རྩི་ཚད་གཞི་ལས་བརྒལ་ཡོད་པ་རེད། དབྱར་དུས་ཕལ་ཆེར་ལྡབ2-10ཙམ་བརྒལ་ཡོད་པ་རེད།”ཅེས་བཤད། 

        གནད་དོན་དང་འབྲེལ་ཡོད་ཁེ་ལས་ཀྱིས་མཁོ་མཁན་ནི་ཁང་ཧྲི་ཧྥུ་དང་ཝུའུ་ཀུའུ་ཡུས་ཧྥེང་ཚུད་ཡོད་ཅེས་བཤད། 

        ཁེ་ལས་རྩད་འཚོལ་སྟེགས་བུ་ཐོག་ནས་མངོན་གསལ། ཧུའུ་ནན་ཁྲ་ཆི་ཚལ་ལས་རིགས་ཚད་ཡོད་ཀུང་སིར་ཐེངས་མང་ལ་སྐབས་བསྟུན་ཟུར་བཤེར་བྱས་པ་ལས་གནད་དོན་ཤེས་རྟོགས་བྱུང་ཡོད་པས་ཡོ་བསྲང་བྱེད་དགོས་པའི་བཀའ་ཕབ་མྱོང་ཡོད། 

        གཞན་ཡང་། ཁྲ་ཆི་ཚལ་ལས་རིགས་གཞུང་གི་དྲ་ཐོག་ཏུ། དེའི་མཉམ་ལས་རོགས་པ་ནི་ཁེན་དེ་ཅི་དང་ཁང་ཧྲི་ཧྥུ། ཝུའུ་ཀུའུ་ཡུས་ཧྥེང་སོགས་ཁེ་ལས་མང་པོ་ཚུད་ཡོད། དེའི་གཞུང་གི་དྲ་ཚིགས་ཀྱི་ངོ་སྤྲོད་ནང་། ཀུང་སི་དེས་ཁང་ཧྲི་ཧྥུ། ཐུང་དབྱི། ཁེན་དེ་ཅི། མའེ་ཏན་ལའོ་སོགས་སྐད་གྲགས་ཆེ་བའི་ཁེ་ལས་དང་ཐོན་རྫས་ལས་སྣོན་བྱེད་རོགས་དང་རྒྱུ་ཆ་དང་རྒྱུ་ཆས་ཐད་ཀར་མཁོ་འདོན་སོགས་ཐད་ཀྱི་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད་ཅེས་བཤད།

        མིག་སྔར། ཁང་ཧྲི་ཧྥུ་གློག་རྡུལ་ཚོང་དོན་ལྟེ་གནས་ཀྱི་ཚོང་ཁང་གིས་ལའོ་ཐན་སྐྱུར་ཚལ་ཟོག་ཤའི་ཐུག་པའི་འབྲེལ་ཡོད་ཐོན་རྫས་སྒྲོམ་ནས་ཕབ་འདུག དེ་དང་ཆབས་ཅིག་ཏུ་གློག་རྡུལ་ཚོང་དོན་སྟེགས་བུ་མང་པོས་ཀྱང་དོན་དག་དེ་དང་འབྲེལ་བ་ཡོད་པའི་ཐན་ཐན་ཆའོ་སྐྱུར་ཚལ་སྒྲོམ་ནས་ཕབ་འདུག 

        ཁེ་ལས་ཐང་དབྱི་ཡིས་ལན་སྤྲོད་དོན། དེའི་ཐད་ལ་སྙིང་ཐག་པ་ནས་དགོངས་དག་ཞུས་འདུག 

        ཁེན་དེ་ཅི་ཡིས་ཁྲ་ཆི་ཀུང་སི་དེའི་མཁོ་འདོན་ཚོང་པ་མིན་པ་བརྗོད།