རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-06   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
ཟླ3་པའི་ཚེས30ཉིན། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱིས《དྲ་རྒྱའི་ཐད་གཏོང་གི་ཁེ་གཉེར་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད།
ཡིག་ཆའི་ནང་། དྲ་རྒྱའི་ཐད་གཏོང་ལས་སྟེགས་དང་དྲ་རྒྱའི་ཐད་གཏོང་ཞབས་ཞུའི་སྒྲིག་གཞིས་དྲ་རྒྱའི་ཐད་གཏོང་བྱེད་མཁན་གྱི་ཡོང་འབབ་འབྱུང་ཁུངས་དང་ངོ་བོ་དབྱེ་འབྱེད་གསལ་པོ་བྱེད་དགོས། མི་སྒེར་གྱི་ཐོབ་ཁྲལ་ཚབ་འཐེན་ཚབ་འཇལ་གྱི་འོས་འགན་ཁྲིམས་ལྟར་ལག་བསྟར་བྱེད་དགོས་པ་ལས། དྲ་རྒྱའི་ཐོག་ནས་ཐད་གཏོང་བྱེད་མཁན་གྱི“ལས་རིགས་གཅིག་པའི་ལྷན་ཚོགས”འཛུགས་པ་དང་། ཕྱོགས་གསུམ་པའི་ཁེ་ལས་ལ་བརྟེན་པའམ་ཡང་ན་དྲ་རྒྱའི་ཐོག་ཐད་གཏོང་བྱེད་མཁན་དང་། མི་སྒེར་གྱི་ཐོབ་ཁྲལ་ཚབ་འཐེན་ཚབ་འཇལ་གྱི་འོས་འགན་མི་སྒྲུབ་པའི་འགན་འཁྲི་མེད་པར་བཟོ་བའི་གྲོས་མཐུན་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། མི་སྒེར་གྱི་ཐོབ་ཁྲལ་ཚབ་འཐེན་ཚབ་འཇལ་གྱི་འོས་འགན་གཞན་ལ་སྤོ་བའམ་ཡང་ན་དེ་ལས་གཡོལ་ཐབས་བྱས་མི་ཆོག དྲ་རྒྱའི་ཐོག་ནས་ཐད་གཏོང་བྱེད་མཁན་ལ་དཔྱ་ཁྲལ་ལས་གཡོལ་ཐབས་བྱ་རྒྱུའི་ཇུས་འགོད་དང་རོགས་རམ་བྱས་མི་ཆོག