རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-14   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
ཉེ་ཆར། བཟོ་རིག་མཉམ་འབྲེལ་ཚོགས་པས་ལོ་ངོ་30ཙམ་གྱི་རིང་དུ་བོད་ཀྱི་བཟོ་རྩལ་ཐད་ཀྱི་གྲུབ་འབྲས་མཚོན་པའི་དེབ་སྤུས་ལེགས་ཤིག་དངོས་སུ་པར་དུ་བསྐྲུན་འདུག །
དེབ་འདིའི་ནང་བོད་ཡུལ་དུ་འཚར་ལོངས་བྱུང་ཞིང་། རང་རྒྱལ་གྱི་ནང་ལོགས་ས་ཁུལ་དུ་བཟོ་རིག་གི་སྤྱི་གཉེར་ཁང་དང་བཟོ་གྲྭ་བཙུགས་ནས་བོད་ཀྱི་བཟོ་རྩལ་རིག་གནས་རྒྱལ་ཕྱི་ནང་ཀུན་ཏུ་དར་སྤེལ་བཏང་བར་མཛད་རྗེས་ཧ་ཅང་ཆེ་བའི་མདོ་དབུས་ཁམས་གསུམ་གྱི་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་རིམ་པ་སོགས་ཀྱི་བཟོ་རྩལ་པ་གྲགས་ཅན་29ཡི་ཆེས་སྤུས་ལེགས་དང་ཆེས་གསར་ཤོས་ཀྱི་བརྩམས་ཆོས་ཁག་ཅིག་གཅེས་བཏུས་བྱས་འདུག །
ཤེས་རྟོགས་བྱུང་བར་གཞིགས་ན། དེབ་འདི་ནི་གཙོ་བོ་ཁྲེང་ཏུའུ་ཕྱོགས་ཀྱི་བཟོ་རིག་མཉམ་འབྲེལ་ཚོགས་པས་འཆར་འགོད་དང་འགྲོ་སོང་བཏང་ཞིང་། བོད་ཀྱི་པར་ལེན་པ་དཀོན་མཆོག་རྡོ་རྗེས་གཙོ་སྒྲིག་དང་འདྲ་པར་བླངས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ནང་གི་པར་འདེབས་ཁང་ཡག་ཤོས་ཡཱ་ཁྲང་ནས་པར་བའི་དཔེ་དེབ་སྤུས་ལེགས་ཤིག་རེད། དེས་མ་ཚད་པར་སི་ཁྲོན་རིག་གནས་ཐིང་གི་སྔོན་གྱི་འགོ་གཙོ་གཞོན་པ་ཚེ་པོ་ལགས་དང་། བོད་ཀྱི་མཁས་དབང་དཀོན་མཆོག་བསྟན་འཛིན། ལྷ་བཟོ་གྲགས་ཅན་ཡོན་ཏན་ཚེ་རིང་རྣམ་གསུམ་གྱིས་ཆེད་དུ་འགོ་བརྗོད་ཀྱི་རྩོམ་ཡིག་ཀྱང་འབྲི་རོགས་གནང་ཡོད།
སྤྱིར་བོད་ཀྱི་བཟོ་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྔོན་ཆད་འཛམ་གླིང་ཐོག་སྐད་གྲགས་ཆེ་ཞིང་རིན་ཐང་བྲལ་བའི་བཟོ་རྩལ་རིགས་གྱ་ནོམ་པ་ཞིག་ཐོན་མྱངས། འོན་ཏེ། སྔོན་ཆོད་བཟོ་རྩལ་གྱི་ཐོན་ཁུངས་གཙོ་བོ་ནི་རྒྱ་གར་དང་རྒྱ་ནག །བལ་ཡུལ་སོགས་ཡིན་ཞིང་། བཟོ་རྩལ་ཐོན་རྫས་མང་ཤོས་དེ་ཕྱི་ཕྱོགས་ནས་ནང་འདྲེན་བྱ་དགོས།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་ཚུན་གྱི་ལོ་ངོ་༣༠ཙམ་གྱི་ནང་དུ་བོད་རང་གི་ས་གནས་ནས་འཚར་ལོངས་བྱུང་བའི་བཟོ་རྩལ་པ་ཁག་ཅིག་ཁྲེང་ཏུའུ་སོགས་ཀྱི་གྲོང་ཁྱེར་དུ་ཕེབས་ནས་རྒྱལ་ཁབ་དང་མི་རིགས་གཞན་དག་གི་ལག་རྩལ་ལ་སློབ་སྦྱོང་དང་། རང་ཡུལ་གྱི་བཟོ་རྩལ་ཁག་ལ་ཞིབ་འཇུག་ནན་པོ་བྱས་ཏེ་སྲོལ་རྒྱུན་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་ངང་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་སྐོར་གྱི་ཐོན་རྫས་སྤུས་ལེགས་མང་དག་བསྐྲུན་པར་མ་ཟད་རང་རང་གིས་སྤྱི་གཉེར་ཁང་དང་བཟོ་གྲྭ་བཙུགས་ནས་བོད་ཀྱི་བཟོ་རྩལ་པ་མང་དག་གསོ་སྐྱོང་བྱས་ཏེ་བོད་ཀྱི་བཟོ་རྩལ་རིག་གནས་ཐད་སྔོན་མེད་ཀྱི་འཕེལ་རྒྱས་ཆེན་པོ་བཏང་ནས་བོད་རང་གི་ས་གནས་ཀྱི་ཚོང་རའི་དགོས་མཁོ་བསྐངས་པས་མ་ཚད་པར་ད་དུང་ཨ་རི་དང་། རྒྱ་གར། བལ་ཡུལ་སོགས་རྒྱལ་ཁབ་གཞན་དག་ལའང་ཕྱི་ཚོང་བྱས་ཏེ་རྒྱལ་སྤྱིའི་ཚོང་རའི་ཐོག་ཏུ་བོད་ཀྱི་བཟོ་རྩལ་སྐོར་གྱི་ཐོན་རྫས་འདི་དག་ལ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། །
གསར་འགོད་པ། ཚུལ་ཁྲིམས་བཟང་པོ།
དཀར་ཆག །
བཟོ་རྩལ་པ་གྲགས་ཅན་29ཡི་ངོ་སྤྲོད་དང་ཚབ་མཚོན་གྱི་བརྩམས་ཆོས་ཁག་ཅིག །
བསྟན་འཛིན།
འགྲོ་འདྲེན།
ཨ་འཇམ།
བཀྲ་ཤིས་ཕུན་ཚོགས།
བསོད་ནམས་རྡོ་རྗེ།
དངོས་གྲུབ།
ཀུན་དགའ་བརྩོན་འགྲུས།
སྟོབས་ཆེན།
བསོད་ནམས་ལྷུན་འགྲུབ།
ལྷུན་གྲུབ།
ལེགས་དཔལ་རྡོ་རྗེ།
དཀོན་མཆོག་བཀྲ་ཤིས།
བསྟན་འཛིན་བཀྲ་ཤིས།
ཨ་ཆུང་།
གཡུང་དྲུང་ནོར་བུ།
དཔག་བསམ་དོན་འགྲུབ།
འཇུ་ཚེ་རིང་མགོན་པོ།
རིག་རྡོ།
དབུ་ཆེན་འཇམ་དབྱངས་རྒྱ་མཚོ།
བསོད་ནམས་ཀུན་ལྡན།
ཨོ་རྒྱན་ཆོས་གྲགས།
འཕྲིན་ལས།
བློ་དགའ།
འཆི་མེད་རིག་འཛིན།
ཨོ་རྒྱན་བསྟན་འཛིན།
ལེགས་སྨོན།
ཟིལ་རྒྱུད་ས་དཀར་ཨོ་རྒྱན་རྡོ་རྗེ།
འཇམ་དབྱངས་འོད་ཟེར།
མཁས་གྲུབ་ཉི་མ།