དཔེ་ཀློག་ནི་ངའི་མི་ཚེའི་དགའ་ཕྱོགས་ཆེས་ཆེ་བ་དེ་ཡིན། ཞི་ཅིན་ཕིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-24   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།



        དཔེ་ཀློག་ནི་ངའི་མི་ཚེའི་དགའ་ཕྱོགས་ཆེས་ཆེ་བ་དེ་ཡིན


        སྐབས་དེར་ལུག་འཚོ་དུས།   ལུག་ཁྱུ་འདི་འདྲའི་སྒང་རིལ་ངོས་སུ་དེད་རྗེས་དེ་རུ་ཙོག་ནས་དཔེ་ཆར་བལྟས་པ་ཡིན། དཔེ་ཆར་ལྟ་བཞིན་བསམ་གཞིགས་བཏང་པ་ཡིན།


        དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་མཇུག་ཏུ། ང་རང་ལོ་བཅུ་ལྷག་རེད། པེ་ཅིན་ནས་ལེའང་ཅཱ་ཧི་ཟེར་བའི་སྡེ་བ་ཆུང་ཆུང་དེར་སོང་ནས་ཞིང་བ་བྱས་པ་ཡིན་ལ། ས་དེ་ནས་ལོ་བདུན་ལ་བསྡད་པ་ཡིན། 

        སྒོར་འགྲོ་དུས། ལག་ཏུ་དཔེ་ཆ་ཞིག་བཟུང་པ་ཡིན། དེ་དུས་ལག་ཏུ་བཟུང་བའི་དཔེ་ཆ་ནི་ཚིག་མཛོད་དང་དཔེ་ཆོས་ཚིག་མཛོད། གོ་བདེའི་མཚན་ཉིད་རིག་པའི་ཚིག་མཛོད་དག་རེད། ཚིག་རེ་བློར་འཛིན་དུས་ཞིང་སློག་པ་ཡིན། ཞིང་དུམ་བུ་ཞིག་སློག་ནས་ངལ་གསོ་དུས་ཡང་ཚིག་གཅིག་བློར་བཟུང་པ་ཡིན། 

        ལོ་བཅུའི་དཀའ་སྤྱད་རེད།

        དཔེ་ཀློག་ཆེས་མང་བ་བྱེད་དུས་ནི་ཞིང་སྡེར་རེད། སྐབས་དེར་གང་སར་དཔེ་ཆ་བཙལ་བ་ཡིན། གང་སར་ཕྱིན་ན་དཔེ་ཀློག་བྱས་པ་ཡིན། སྐབས་དེར་རང་ཉིད་ལ་དོན་གཅིག་མ་རྟོགས་ན་ངོ་ཚ་ཡིན་པའི་རེ་བ་བཟུང་པ་ཡིན། 

        ང་ཚོའི་རུ་ཞུགས་ཀྱི་ཤེས་ལྡན་མི་སྣའི་བྱིས་པ་དག་ལ་ཕན་ཚུན་ལ་དཔེ་ཆ་གཡར་ནས་ལྟ་བའི་གོམས་སྲོལ་ཞིག་ཆགས་ཡོད་ལ། ཞིང་སྡེའི་དགེ་རྒན་འགའ་ལ་ཉར་ཚགས་ཀྱི་དཔེ་ཆའང་ཡོད། 

        དེ་དུས་ཀི་ཏིའི་ཧྥུའུ་ཧྲི་ཏི་ཆ་ཚང་ཞིག་ཡོད་པ་དྲན། བརྩོན་པ་ཆགས་མེད་རེད། དཔེ་ཆའི་བདག་པོས་ཐེངས་གསུམ་ལ་ཕྱིར་ཁྱེར་རྩིས་བྱས་མོད། ངས་ཁོང་ལ་སྟེར་མ་འདོད་པས། ཁོང་ལ་སྒོང་གཡོས་ཟ་མ་ཐེངས་གསུམ་བླུད་དེ་ཁོ་འགྲོ་རུ་བཅུག་སྟེ་མུ་མཐུད་དུ་བལྟས་པ་ཡིན། 

        ལོ་རྒྱུས་དཔེ་ཆ་སྣ་མང་ལ་བལྟས་པ་ཤིང་། མཐའ་མར་ལོ་རྒྱུས་ཉེར་བཞི་ལའང་ཕལ་ཆེར་བལྟས་པ་ཡིན། དེ་བཞིན་དམག་དོན་རིག་པའི་དཔེ་ཆའང་བལྟས་ལ། མཉམ་དུ་བྱ་བ་ལོ་མང་པོར་ལས་པའི་ན་ཆུང་ཤེས་ལྡན་པ་ཞིག་ཡོད་པ་དེས། ཁོ་ཚང་གི་ཁུ་ལོ་ཟེ་ཝེ་ཚི་ཡི《དམག་འཁྲུག་གླེང་བ》སོགས་ཁྱེར་ཡོང་ཡོད། དེ་བས་དཔེ་ཀློག་གི་ལྟ་རྒྱ་ཧ་ཅང་ཆེན་ལ། དོན་ཧ་ཅང་ཟབ་ཅིང་། ཧ་ཅང་སྣ་མང་རེད། རྗེས་སུ་ཆབ་སྲིད་ཀྱི་དཔེ་ཆ་སྣ་མང་བཀླགས་ལ་མཚན་ཉིད་རིག་པའི་དཔེ་ཆའང་རྒྱུན་དུ་བལྟས་པ་ཡིན། ལོ་རྒྱུས་རིག་པར་ང་རང་ཧ་ཅང་དགའ། 

        ངའི་དགའ་ཕྱོགས་ཆེས་ཆེ་བ་ནི་དཔེ་ཀློག་ཡིན། དཔེ་ཀློག་ནི་རང་ཉིད་ཀྱི་འཚོ་བ་རོལ་སྟངས་ཤིག་ཏུ་གྱུར་ཡོད་ལ། དཔེ་ཆ་སྣ་མང་ཀློག་རྒྱུ་ནི་ངའི་མི་ཚེ་གཅིག་གི་དགའ་ཕྱོགས་སུ་གྱུར་སོང་། ང་རང་ལེ་མན་ཐོ་ཧྥུའུ་ཡི《དེང་རབས་དཔའ་བོ》ལ་དགའ། དཔའ་བོ་ཟེར་དུས་སུ་ཞིག་དཔའ་བོ་ཡིན་ནམ། དུས་རབས་རེ་རེར། དཔའ་བོ་ལ་བྱུང་སྟངས་མི་འདྲ་བ་འདུག དེའི་དོན་སྙིང་ཡང་འདི་ན་འདུག

        དཔེ་ཆ་ཁྲི་ཕྲག་བཀླགས་ནས་ལམ་བུ་ཁྲི་ལ་བསྐྱོད། ཡོན་ཏན་འཇིག་རྟེན་སྐྱོང་པར་བཀོལ་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཆེད་དུ། ཁྱོད་རྣམས་ཀྱི་བློ་གྲོས་འབུལ་དགོས། འདི་ནི་དཔའ་བོ་ཆད་མེད་དུ་འབྱོན་པའི་དུས་རབས་ཤིག་རེད། ཁྱོད་རྣམས་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ།