རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-27   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།
ཤར་ཡི་ལུང་པ་(霞义沟)ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་བྱང་རྩེ་ཤང་གི་ཁོངས་སུ་ཡོད། དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་5ཙམ་ཟིན་ལ་དེའི་གཡས་གཡོན་དུ་ལུང་ཤུར་བཅུ་ལྷག་ཡོད། ཟླ་4ཚེས་23ཉིན་གསར་འགོད་པས་ཡུན་རིང་རླུང་ཟད་ཐེབས་པའི་རྐྱེན་གྱིས་འདི་ན་ཆགས་པའི་ས་ནགས་ཀྱི་ཆགས་ཚུལ་མགོ་སྦོམ་མཇུག་ཕྲ་བའི་“ཤ་མོ་”ལྟ་བུར་གྱུར་པ་མ་ཟད། མི་དང་ཉ། རིས་སྦལ། འདབ་ཆགས་སོགས་འདྲ་བའི་ས་ནགས་ཀྱི་རྣམ་པ་དེ་བས་ཀྱང་ངོ་མཚར་ཆེ་བ་མཐོང་བྱུང་།