རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།
ཚེས4ཉིན་གྱི་ཉིན་གུང་དུ། རང་རྒྱལ་གྱི་ཇོ་མོ་གླང་མའི་ཚན་རིག་རྟོག་དཔྱོད་ཚོགས་པའི་ཚོགས་མི་རྣམས་བདེ་བླག་གིས་ཇོ་མོ་གླང་མའི་དབུ་རྩེར་འགོས་པར་མ་ཟད། ཐོག་དང་པོར་ཞིབ་ཚད་མཐོ་བའི་ལེ་ཏ་སྤྱད་དེ་ཇོ་མོ་གླང་མའི་དབུ་རྩེའི་འཁྱགས་དར་གྱི་ཟབ་ཚད་འཇལ།
ཚེས4ཉིན་གྱི་དུས་ཚོད12དང་སྐར་མ46གི་སྟེང་དུ། རང་རྒྱལ་གྱི་ཇོ་མོ་གླང་མའི་ཚན་རིག་རྟོག་དཔྱོད་ཚོགས་པའི་ཚོགས་མི་ཡིས་ཇོ་མོ་གླང་མའི་དབུ་རྩེ་རུ་འཛམ་གླིང་སྟེང་གི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་རང་འགུལ་གནམ་དཔྱད་ས་ཚིགས་བདེ་བླག་གིས་བཙུགས། འདི་ནི་འཛམ་གླིང་སྟེང་གི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་རང་འགུལ་གནམ་དཔྱད་ས་ཚིགས་ཡིན་ལ། “ཡང་རྩེའི་འགན་འཁྲི”ཡི་ཇོ་མོ་གླང་མའི་ཚན་རིག་རྟོག་དཔྱོད་བྱ་འགུལ་ཁྲོད་བཙུགས་པའི་གནམ་དཔྱད་ས་ཚིགས་ཆེས་མཐའ་མ་དེ་ཡང་ཡིན།