ཁྱིམ་བདག་ཚོས་འོས་འགན་སློབ་གསོའི་སློབ་ཚན་གྱི་ཇུས་གཞིར་གཟིགས་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-09   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        ཉེ་ཆར། སློབ་གསོ་པུས《འོས་འགན་སློབ་གསོའི་སློབ་ཚན་ཇུས་གཞི》དངོས་སུ་བཀྲམ་ནས། ངལ་རྩོལ་དེ་སྔའི་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་ནས་ལོགས་སུ་དབྱེ་བ་མ་ཟད། 《འོས་འགན་སློབ་གསོའི་ངལ་རྩོལ་སློབ་ཚན་གྱི་ཚད་གཞི(2022ལོའི་པར་མ)》བཀྲམ་པ་རེད།


        འདི་ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་། ངལ་རྩོལ་སློབ་ཚན་སློབ་གྲྭ་འབྲིང་ཆུང་གི་ལོགས་དབྱེའི་སློབ་ཚན་དུ་དངོས་སུ་སྒྱུར་མཁན་རེད། ཕྱགས་མ་བཟོ་བ་དང་ཤོག་བུ་འབྲེག་སྟངས་སློབ་པ། ལུས་རྩལ་ཐང་ཕྱགས་པ། རྡོ་སོལ་གྱི་རོ་ཏོ་སྒྲུག་པ་སོགས་ནི་དེ་སྔའི་ངལ་རྩོལ་སློབ་ཚན་རེད། དུས་རབས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས། ད་ཆ་ཕྲུ་གུའི་ངལ་རྩོལ་སློབ་ཚན་ཡང་སྙིང་ཇི་འདྲ་ཡིན་ནམ།



གང་འདྲ་ཞིག་ལངལ་རྩོལ་སློབ་ཚནཟེར་རམ།



    འོས་འགན་སློབ་གསོའི་ངལ་རྩོལ་སློབ་ཚན་གྱིས་ཕུན་སུམ་ཚོགས་ལ་སྒོ་འབྱེད་པའི་ངལ་རྩོལ་རྣམ་གྲངས་གཞི་བརྟེན་དུ་བྱས་ནས། གཙོ་བོ་དམིགས་ས་ཡོད་ལ་འཆར་གཞི་ཡོད་པའི་སྒོ་ནས་སློབ་མ་རྒྱུན་གཏན་གྱི་འཚོ་བའི་ངལ་རྩོལ་དང་། ཐོན་སྐྱེད་ངལ་རྩོལ། ཞབས་འདེགས་རང་བཞིན་གྱི་ངལ་རྩོལ་བཅས་ལ་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཏེ། སློབ་མས་ལག་ལེན་དངོས་ལ་ཞུགས་པ་དང་ནུས་ཤུགས་བཏོན་ཏེ། སྦྱོང་བརྡར་དང་སྙིང་སྟོབས་ཞུན་བརྡར་བྱས་ནས་སློབ་མའི་ཡང་དག་པའི་ངལ་རྩོལ་གྱི་རིན་ཐང་ལྟ་བ་དང་ངལ་རྩོལ་བྱེད་པར་དགའ་བའི་གཤིས་རྒྱུད་འཇགས་པ་བྱེད་རྒྱུ་དེ་རེད།


    འོས་འགན་སློབ་གསོའི་སློབ་ཚན་གྱི་ཇུས་གཞིར་གཞིགས་ནས། ངལ་རྩོལ་སློབ་ཚན་ཆ་སྙོམས་གཟའ་འཁོར་རེར་ཚོགས་ཐུན་གཅིག་ལས་མི་ཉུང་བ་བཀོད་སྒྲིག་བྱེད་དགོས་པ་དང་། སློབ་ཚན་དེ་བྱེད་སྒོ་ཇུས་འགོད་དང་། རྩལ་ནུས་མཛུབ་ཁྲིད། སྦྱོང་བརྡར་ལག་ལེན། ཕྱོགས་སྡོམ་སྤེལ་རེས་སོགས་ལ་སྤྱོད་དགོས། དེ་དང་ཆབས་ཅིག་སློབ་ཚན་དེས་གདེང་འཇོག་ནང་དོན་མང་བ་དང་། གདེང་འཇོག་བྱེད་ཐབས་མང་བ། གདེང་འཇོག་བྱེད་པོ་སྣ་མང་བཅས་ལ་སྣང་ཆེན་བྱེད་རྒྱུ་རེད།

 

ངལ་རྩོལ་སློབ་ཚན་ལ་ནང་དོན་གང་དག་ཡོད་དམ།


    ངལ་རྩོལ་སློབ་ཚན་གྱི་ནང་དོན་ཐད་ལས་འགན་ཚོགས་པ་བཅུ་བཙུགས་ཡོད་པ་དང་། ལས་འགན་ཚོགས་པ་སོ་སོ་ནི་རྣམ་གྲངས་འགའ་ཤས་ལས་གྲུབ་ཡོད།

    རྒྱུན་གཏན་གྱི་འཚོ་བའི་ངལ་རྩོལ་གྱི་ཁོངས་སུ་གཙང་སྦྲ་འཕྲོད་བསྟེན་དང་། ལེགས་སྒྲིག་དང་བསྡུ་གསོག གཡོས་སྦྱོར་དང་འཚོ་བཅུད། ཁྱིམ་སྤྱོད་ཡོ་བྱད་བེད་སྤྱོད་དང་སྲུང་སྐྱོང་བཅས་ལས་འགན་ཚོགས་པ་བཞི་ཚུད་ཡོད།

    ཐོན་སྐྱེད་ངལ་རྩོལ་གྱི་ཁོངས་སུ་ཞིང་ལས་ཐོན་སྐྱེད་ངལ་རྩོལ་དང་། སྲོལ་རྒྱུན་བཟོ་རྩལ། བཟོ་ལས་ཐོན་སྐྱེད་ངལ་རྩོལ། ལག་རྩལ་གསར་པར་ཉམས་ལེན། བཀོལ་སྤྱོད་བཅས་ལས་འགན་ཚོགས་པ་བཞི་ཚུད་ཡོད།

    ཞབས་འདེགས་རང་བཞིན་གྱི་ངལ་རྩོལ་གྱི་ཁོངས་སུ་དེང་རབས་ཞབས་འདེགས་ལས་རིགས་ཀྱི་ངལ་རྩོལ་དང་། སྤྱི་ཕན་ངལ་རྩོལ། དང་བླངས་ཞབས་འདེགས་བཅས་ལས་འགན་ཚོགས་པ་གཉིས་ཚུད་ཡོད་པ་རེད།