2022ལོའི་མཐོ་རྒྱུགས་དུས་ཚོད་གཏན་འཁེལ་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-10   རྩོམ་ཁུངས།    中国藏语广播CNR

        2022ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སྤྱི་ཟླ་6པའི་ཚེས་7ཉིན་ནས་ཚེས་8ཉིན་བར་ལེན་རྒྱུ་རེད་འདུག

        སྤྱི་ཚེས་7ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སྤྱི་ཟླ་6པའི་ཚེས་7ནས་ཚེས་8ཉིན་བར་ལེན་རྒྱུ་ཡིན་པ་རེད། སྤྱི་ཚེས་7ཉིན་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་2022ལོའི་མཐོ་རྒྱུགས་ལས་དོན་ཡག་པོ་སྤེལ་རྒྱུའི་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག ཡིག་རྒྱུགས་རིམས་འགོག་ལས་དོན་གྱི་ཇུས་གཞི་ཞིབ་ཚགས་བཟོ་བ་དང་། རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ། ཐོལ་བྱུང་རིམས་ནད་ཀྱི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཡིག་རྒྱུགས་ནང་ཞུགས་དགོས་ཚད་ཚང་མ་ཞུགས་པ་དང་བདེ་འཇགས་བརྟན་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།  

        ཧྲང་ཧའེ་ཡི་སྟོན་དུས་མཐོ་རྒྱུགས་ཀྱི་གཅིག་གྱུར་རྒྱུགས་ལེན་དེ་སྤྱི་ཟླ་7པའི་ཚེས་7ཉིན་ནས་ཚེས་9ཉིན་བར་ནར་འགྱངས་གཏོང་རྒྱུ།  

        གསར་འགོད་པར་སྤྱི་ཚེས་7ཉིན་འཚོགས་པའི་ཧྲང་ཧའེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་གཞིགས་ནས་ཞིབ་འཇུག་ནན་ཏན་བྱས་པ་དང་འབྲེལ་སློབ་གསོ་པུས་མོས་མཐུན་བྱས་པ་བརྒྱུད། ཧྲང་ཧའེ་གྲོང་ཁྱེར་གྱི་སྟོན་དུས་མཐོ་རྒྱུགས་ཀྱི་གཅིག་གྱུར་རྒྱུགས་ལེན་དུས་ཚོད་དེ་སྤྱི་ཟླ་7པའི་ཚེས་7ནས་ཚེས་9ཉིན་བར་ནར་འགྱངས་བྱ་རྒྱུ་དང་། མཐོ་འབྲིང་གི་ཡོན་ཚད་རིམ་པའི་རྒྱུགས་ལེན་སྤྱི་ཟླ་6པའི་ཚེས་18ཉིན་ནས་ཚེས་19ཉིན་བར་ནར་འགྱངས་བྱ་རྒྱུ།  དམའ་འབྲིང་ཐོན་པའི་རྒྱུགས་ལེན་སྤྱི་ཟླ་7པའི་ཚེས་11ནས་ཚེས་12ཉིན་བར་ནར་འགྱངས་བྱ་རྒྱུ་ཡིན་ཞིང་། དམའ་འབྲིང་གི་དངོས་ཁམས་དང་རྫས་འགྱུར་གྱི་ཚོད་ལྟའི་ཡིག་རྒྱུགས་དང་ཕྱིའི་སྐད་ཡིག་བཤད་རྒྱུ་དང་ཉན་རྒྱུའི་ཡིག་རྒྱུགས་མེད་པ་བཟོ་རྒྱུ།  འབྲེལ་ཡོད་སྐར་འབྲས་དེ་སྐར་མ་བརྒྱ་ལ་རྩིས་ནས་སློབ་མའི་འབྲིང་རྒྱུགས་ཀྱི་སྤྱིའི་སྐར་གྲངས་ནང་འཇུག་རྒྱུ་ཡིན་པ་རེད།