སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མི་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    བདེ་ཆེན་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོདཁྱབ་བསྒྲགས་དང་ལག་བསྟར་བྱས་པ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་དྲིལ་བསྒྲགས་འགྲེམས་སྟོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་བརྒྱུད་མང་ཚོགས་ཀྱི་རིག་གནས་རང་རྟོགས་དང་རིག་གནས་ཀྱི་གདེང་ཚོད་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ནས་སྤྱི་ཚོགས་ཡོངས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ནང་ཞུགས་པའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།

    གྲོང་ཁྱེར་ཡོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་རིམ་བཞིའི་མིང་ཐོ་མ་ལག་དང་མིང་ཐོ་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ངོས་འཛིན་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། མིང་ཐོའི་རྣམ་གྲངས་རིགས་དབྱེ་དང་རིམ་པ་དབྱེ་ནས་སྲུང་སྐྱོང་བྱསམ་པ་དང་། དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་ཁྲིད་སྦྱོང་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་ཡོད། རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དང་། དངོས་མིན་རིག་གནས་ཤུལ་བཞག་སློབ་གྲྭར་བསྐྱོད་པ།  སེམས་ཀྱི་ཉི་ཟླའི་རྟ་རྒྱུག་སོགས་དམངས་སྲོལ་བྱེད་སྒོ་དང་ཡུལ་སྐོར་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོའི་གོ་སྐབས་གང་ལེགས་སྤྱད་དེ་རྟ་ཆས་འགྲེམས་སྟོན་དཔྱད་བསྡུར་བྱེད་སྒོ་དང་། དངོས་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་དང་སྲོལ་རྒྱུན་སྒྱུ་རྩལ་འགྲེམས་སྟོན། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་མང་ཚོགས་ལ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་པ་བྱས་ཡོད། 

    དངོས་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར་གཉིས་འདྲེས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། མིག་སྔར་རྫ་ནག་དང་། བོད་སྤོས།ཐང་ག  ནས་ཆང་།  འཇང་གི་ཤོག་བུ་བཟོ་རྩལ།  འཇང་རྔ་སོགས་སོགས་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཉམས་ལེན་དང་ཕྱིར་ཚོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བབ་བསྟུན་སྲུང་སྐྱོང་བེད་སྤྱོད་བྱས་ཡོད་ཅིང་།   ཡུལ་སྐོར་དང་མཐུན་སྦྱོར་མཉམ་འདྲེས་རགས་ཙམ་བྱུང་ནས་དངོས་མིན་རིག་གནས་ཤུལ་བཞག་གིས་གྲོང་གསེབ་དར་རྒྱས་གཏོང་བའི་སྤྱི་ཡོངས་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་རིམ་བཞིན་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།

    རྒྱལ་ཐང་སྐོར་བྲོ་ཁྲིད་སྦྱོང་ཁང་དང་། འཇང་རིགས་སྟོན་པའི་རིག་གནས་ཁྲིད་སྦྱོང་ཁང་། བོད་རིགས་ཀྱི་རྫ་ནག་སྲེག་པའི་ལག་རྩལ་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་ཁྲིད་སྦྱོང་ཁང་། ནགས་ཕག་མཚོ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁྲིད་སྦྱོང་ཁང་།  མྱི་ཟུར་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁྲིད་སྦྱོང་ཁང་བཅས་བཙུགས་ནས། ཅིན་ཅང་གྲོང་རྡལ་དང་། ཧྲང་ཅང་ཤང་། ལྔ་ཤོག་ཤང་བཅས་སུ་རས་པའི་ཞབས་བྲོ་ཁྲིད་སྦྱོང་ཁང་དང་སན་པ་ཤང་ཨ་ཁ་པ་ལ་ཁྲིད་སྦྱོང་ས་ཚིགས3བསྐྲུན་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་བཞིའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་བར་མཐོངས་མ་ལག་རགས་ཙམ་བཙུགས་ནས་སྲུང་སྐྱོང་ཁུལ་གྱི་རིག་གནས་ཤུལ་བཞག་གི་ཁྱོན་ཡོངས་རང་བཞིན་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རིམ་བཞིའི་མིང་གཞུང་རྣམ་གྲངས་85ཡོད་པ་དེ་དག་ནི་རྒྱལ་ཁབ་རིམ་པའི་རྣམ་གྲངས་2དང་། ཞིང་ཆེན་རིམ་པའི་རྣམ་གྲངས་7 ཁུལ་རིམ་པའི་རྣམ་གྲངས་62  གྲོང་ཁྱེར་རིམ་པའི་རྣམ་གྲངས་14བཅས་ཡིན་པ་དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་206ཟིན་པ་དེ་རྒྱལ་ཁབ་རིམ་པའི་མི་1དང་། ཞིང་ཆེན་རིམ་པའི་མི་27 ཁུལ་རིམ་པའི་མི་31    གྲོང་ཁྱེར་རིམ་པའི་མི་147བཅས་ཡིན་པ་རེད།