སེམས་ཀྱི་ཉི་ཟླ་ནས་ལྗོངས་ཕྱིའི་ལུས་རྩལ་ཚོགས་ཆེན་ཐེངས་དང་པོ་འཚོཊ་པ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཟླ5པའི་ཚེས་28ནས་ཚེས་29ཉིན་བར།བདེ་ཆེན་ཁུལ་གྱི་སྐབས་དང་པོའི་སེམས་ཀྱི་ཉི་ཟླའི་ལྗོངས་ཕྱིའི་ལུས་རྩལ་ཚོགས་ཆེན་དེ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་འཚོགས་པ་རེད། རྒྱལ་ནང་གི་རིགས་གཅིག་མཁས་ཅན་མིང་གྲགས་ཅན་དང་། ལུས་རྩལ་འགྲན་བསྡུར་ཐོག་ཨང་དང་པོ་ཐོབ་མཁན་གྱི་ལུས་རྩལ་པ། ལྗོངས་ཕྱིའི་ལུས་རྩལ་ལ་དགའ་པོ་བྱེད་མཁན་བཅས་མི་སྣ་200ལྷག་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཞོ་རྡོ་མཚོ་ནས་རྩྭ་ཐང་དང་། ནགས་ཚལ། མཚེའུ། ཆུ་ཕྲན།གྲོག་རོང་སོགས་ས་དབྱིབས་སྣ་ཚོགས་བརྒྱུད་ནས“འཛམ་གླིང་གི་གྲོང་ཚོ་དང་པོ”སྟེ་མྱི་ཟུར་གྲོང་ཚོར་སླེབས་ནས་ས་གནས་དེ་གའི་གྲོང་གསེབ་ཀྱི་ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་མྱོང་རོལ་བྱས་ནས་སེམས་ཀྱི་ཉི་ཟླའི་སྣོད་བཅུད་ཀྱི་མཛེས་སྡུག་ལོངས་སྤྱོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་རྩེར་སོན་པའི་“བདེ་ཐང་གི་འཚོ་བ་སྐྱེལ་ཡུལ་”བསྐྲུན་རྒྱུའི་དམིགས་འབེན་ལ་དམིགས་ཏེ། བདེ་ཆེན་ཁུལ་གྱིས་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་བཏང་ནས། སྣོད་བཅུད་ལུས་རྩལ་གྱི་འདུ་ཤེས་གསར་པ་བཏོན་པ་དང་།ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལྗོངས་ཕྱིའི་ལུས་རྩལ་བྱེད་སྒོ་སྤེལ་བ་རེད། ཁུལ་ཡོངས་སུ་རྩེར་སོན་མཛེས་ལྗོངས་ཁུལ་ཆེ་གྲས་བཅུ་དང་། རྐང་ཐང་ལམ་ཐིག་ཆེ་གྲས་བཅུ།རྩེར་སོན་འགྲན་བསྡུར་ཆེ་གྲས་བཅུ་སོགས་འོས་སྦྱོར་དང་བཀོད་སྒྲིག་བྱས་ནས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པ་མ་ཟད།རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་ཅིག་ཀྱང་ཆགས་པ་བྱས་ནས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་རྩེར་སོན་མཛེས་ལྗོངས་ཁུལ་དང་། སྣོད་བཅུད་ལམ་ཐིག  ཁྱད་ལྡན་འགྲན་བསྡུར་བྱེད་སྒོ་བཅས་འཕེལ་རྒྱས་ཆེན་པོ་གཏོང་བ་རེད།

    གོམ་སྟབས་རྗེས་མར་བདེ་ཆེན་ཁུལ་གྱིས་གཙང་པོ་གཉིས་ཀྱི་འབབ་རྒྱུད་དང་།རི་ཁུལ་གྱི་གྲོག་རོང་།ལངས་གཟུགས་ཀྱི་ས་བབ་དང་སྣོད་བཅུད་ཀྱི་ཁོར་ཡུག་ཆེ་མོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྐང་ཐང་དང་། རི་འཛེག རྐང་འཁོར་བཞོན་ནས་སྐྱོད་པ་སོགས་ཀྱི་ལྗོངས་ཕྱིའི་ལུས་རྩལ་རྣམ་གྲངས་འཕེལ་རྒྱས་ཧུར་ཐག་བཏང་ནས་སྲོལ་རྒྱུན་རི་ཁུལ་གྱི་ལྗོངས་ཕྱིའི་ལུས་རྩལ་རྣམ་གྲངས་ཁྱབ་གདལ་ཅན་དང་། ཚད་ལྡན་ཅན། ས་ཁོངས་ཧྲིལ་པོ་ཅན་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་རི་ཁུལ་གྱི་ལྗོངས་ཕྱིའི་ལུས་རྩལ་རྟེན་གཞི་སོགས་བཏོད་དེ་ཁུལ་ཡོངས་ཀྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་སྣ་ཚོགས་སྔོག་འདོན་གང་ལེགས་བྱས་ནས།སེམས་ཀྱི་ཉི་ཟླའི་རྟ་རྒྱུག་སོགས་མི་རིགས་ཀྱི་དུས་ཆེན་དང་བྱེད་སྒོའི་སྤུས་རྟགས་བཏོད་དེ་ལྗོངས་ཕྱིའི་བྱེད་སྒོའི་ནང་ཞུགས་པའི་རང་བཞིན་དང་ཉམས་ལེན་རང་བཞིན་ཆེ་རུ་བཏང་ནས་བདེ་ཆེན་གྱི་ལྗོངས་ཕྱིའི་སྤྲོ་གསེང་མྱུལ་དཔྱད་ཀྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།