རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་6པའི་ཚེས་9ཉིན་གྱི་ཆུ་ཚོད་13ཐོག་གངས་ལྗོངས་དཔེ་དེབ་ཁང་གིས“ཆུ་ཚོད་24རིང་གི་རིག་ལྡན་དཔེ་དེབ་ཁང་”ནང་ཁག་དང་པོའི་དཔེ་ཀློག་པ་བསུས་ནས་ཡུན་ནན་ཞིང་ཆེན་གྱི“ཁུལ་གསུམ་དང་ཆུས་གསུམ”གྱི་སྤྱི་པའི་རིག་གནས་འཛུགས་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གསང་སྤྱོད་འཛུགས་སྐྲུན་དོ་དམ་གྱི་གསོ་སྦྱོང་འཛིན་གྲྭའི་སློབ་མས་དངོས་སུ་ལྟ་སྐོར་བྱས་ཡོད་པ་དེའི་ཐོག་ནས་བདེ་ཆེན་ཁུལ་གྱི་ཆུ་ཚོད་24རིང་རིན་པ་མི་དགོས་པར་སྤྱི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་དཔེ་དེབ་ཁང་དང་པོ་དེ་དངོས་སུ་སྒོ་ཕྱེ་བ་མཚོན་ཡོད།
གངས་ལྗོངས་དཔེ་དེབ་ཁང་གི“ཆུ་ཚོད་24རིང་གི་རིག་ལྡན་དཔེ་ཁང”དེ་ནི་ཁུལ་རིག་གནས་དང་ཡུལ་སྐོར་ཅུས། ཁུལ་དཔེ་མཛོད་ཁང་བཅས་ཀྱིས་མཉམ་ལས་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དང་། ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཐོག་སོ་དང་པོའི(སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དར་དམར་ལམ་དུམ)དུ་ཡོད། རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ107ཡོད་པ་དང་། དེ་ནི་RFIDལག་རྩལ་སྤྱད་པ་དང་ཀློག་པ་པོས་ཆུ་ཚོད་24རིང་རང་འདེམས་དཔེ་དེབ་གཡར་ཆོག་པའི་དཔེ་དེབ་ཁང་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གངས་ལྗོངས་དཔེ་དེབ་ཁང་གི“ཆུ་ཚོད་24རིང་གི་རིག་ལྡན་དཔེ་དེབ་ཁང”ལ་ཏང་འཛུགས་སྐྱོང་དང་། དཔལ་འབྱོར། ས་གནས་ཀྱི་ཚད་ལྡན་ཡིག་ཆ། ལོ་རྒྱུས། ལོ་ཆུང་བྱིས་པ། རྩོམ་རིག་སོགས་ཀྱི་དཔེ་དེབ་3000ཡོད་པ་མ་ཟད། ད་དུང་ཤེས་བྱའི་འཆད་ཁྲིད་ཀྱང་སྤེལ་རྩིས་ཡོད། རིག་ལྡན་དཔེ་ཁང་གི་གློག་རྡུལ་བརྙན་ཤེལ་དུ་སྒྲ་འཇམ་པོས་ངང་རང་ཁུལ་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་པར་གཞི་སྟོན་པ་དང་གྱང་ཐོག་ཏུ་བདེ་ཆེན་གྱི་ཡུལ་སྐོར་ས་བཀྲ་བཀལ་ནས་ཀློག་པ་པོར་སྐྱིད་སྣང་དོད་ལ་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་ལྟ་ཀློག་ཁོར་ཡུག་ཅིག་བཏོད་ཡོད། རིག་ལྡན་དཔེ་ཁང་གིས་ལག་རྩལ་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ཡོད་ཅིང་ལས་དོན་མི་སྣས་ཞབས་འདེགས་ཞུ་ས་མི་མཐོང་། ཀློག་པ་པོས་རང་འདེམས་འགྲོ་འོང་དང་དཔེ་དེབ་གཡར་རེས་བྱས་ནས་མི་ཤུགས་ཀྱི་མ་གནས་གྲོན་ཆུང་ཐུབ་པ་དང་དཔེ་མཛོད་ཁང་གི་བར་མཐོངས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་ནས་དཔེ་མཛོད་ཁང་གི་ཁྱབ་ཁོངས་གསར་གཏོད་ཀྱི་ལམ་བུའི་ཐོག་སྐྱོད་ཀྱི་ཡོད།
ཀློག་པ་པོས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཁུལ་དཔེ་མཛོད་ཁང་གི་ཀློག་པ་པོའི་ལག་ཁྱེར་སྤྱད་དེ་རིག་ལྡན་དཔེ་ཁང་ནང་རིན་མེད་ངང་ལྟ་ཀློག་བྱེད་ཆོག་གི་ཡོད་པ་རེད། གལ་ཏེ་དཔེ་དེབ་གཡར་དགོས་ཚེ་རང་འགུལ་ངང་དཔེ་དེབ་གཡར་བའི་ཐོག་སྤྱོད་ཆོག་པ་དང་དཔེ་མཛོད་ཁང་གི་ཀློག་པ་པོའི་ལག་ཁྱེར་ལ་བརྟེན་ནས་རིན་མི་དགོས་པར་དཔེ་དེབ་གཡར་ཆོག་གི་ཡོད།(ཁུལ་དཔེ་མཛོད་ཁང་གི་ཀློག་པ་པོའི་ལག་ཁྱེར་དེ་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ཁུལ་དཔེ་མཛོད་ཁང་དུ་གཉེར་ཆོག) སླད་ཕྱིན་ཁུལ་དཔེ་མཛོད་ཁང་གིས་ད་དུང་རིག་ལྡན་དཔེ་ཁང་དུ་རང་རྒྱལ་གྱི་གནའ་བོའི་རིག་གནས་སློབ་ཁང་དང་དཔེ་ཀློག་འདུ་ཚོགས་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།