འགྲན་ཚོགས་འདིར་བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ5དང་དངུལ་རྟགས11ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    

  ཟླ་6པའི་ཚེས་17ཉིན་ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་དུས་མཚམས་དང་པོའི་འགྲན་བསྡུར་མཇུག་འགྲིལ་ཞིང་།   རང་ཁུལ་ལ་ཁྱོན་བསྡོམས་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་11 ཟངས་ཀྱི་རྟགས་མ་9བཅས་ཐོབ་པ་རེད།


    ཟླ་6པའི་ཚེས་16ཉིན་གྱི་ཕྱི་དྲོར། རང་ཁུལ་གྱི་ལུས་རྩལ་བ་བློ་གྲོས་ཀྱིས་ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མི་རིགས་ཚད་ལྡན་མདའ་འཕེན་གྱི་སྐྱེས་པའི་མི་སྒེར་གྱི་ནུས་ཡོངས་འགྲན་བསྡུར་ཁྲོད་ཨ་ལོང240ཡི་གྲུབ་འབྲས་ཐོག་ནས་སླར་ཡང་གསེར་གྱི་རྟགས་མ་བླངས་པ་དང་།  འདི་ནི་བློ་གྲོས་ཀྱིས་མདའ་འཕེན་འགྲན་བསྡུར་ཁྲོད་བླངས་པའི་གསེར་གྱི་རྟགས་མ་ཐེངས་གསུམ་པ་དེ་ཡིན།  


 

  རང་ཁུལ་གྱི་བདམས་ཐོན་པ་ལི་ཡན་ཀྲུང་གིས་ཨ་ལོང་223གྱི་གྲུབ་འབྲས་ཐོག་ནས་མི་རིགས་ཚད་ལྡན་མདའ་འཕེན་གྱི་མི་སྒེར་ནུས་ཡོངས་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་པ།


 

     ཚེས་17ཉིན་སྤེལ་བའི་མི་རིགས་ཚད་ལྡན་པུས་བཙུགས་མདའ་འཕེན་འགྲན་བསྡུར་ནང་།   རང་ཁུལ་གྱི་བདམས་ཐོན་པ་ཡུས་ཆུན་ཀྲི་ཡིས་ཨ་ལོང་292ཡི་གྲུབ་འབྲས་ཐོག་ནས་ཟངས་ཀྱི་རྟགས་མ་བླངས་པ་དང་། མི་རིགས་ཚད་ལྡན་མདའ་འཕེན་གྱི་བུད་མེད་ཚོགས་པའི་འགྲན་བསྡུར་ཁྲོད་རང་ཁུལ་གྱིས་ཨ་ལོང་513གྱི་གྲུབ་འབྲས་ཐོག་ནས་ཟངས་ཀྱི་རྟགས་མ་བླངས་པ་དང་། མི་རིགས་ཚད་ལྡན་མདའ་འཕེན་གྱི་མཉམ་བསྲེས་ཚོགས་པའི་འགྲན་བསྡུར་ཁྲོད་རང་ཁུལ་གྱིས་ཨ་ལོང་2104ཡི་གྲུབ་འབྲས་ཐོག་ནས་དངུལ་གྱི་རྟགས་མ་བླངས་ཡོད།   


   

  གཞན་ཡང་བདེ་ཆེན་མདའ་འཕེན་འཐུས་མི་རུ་ཁག་གི་མདའ་འཕེན་ལུས་རྩལ་པ་ཡུས་ཞུའེ་ལན་དང་། དབུགས་མདའ་ལུས་རྩལ་པ་ཧོ་རུའུ་ཅི་ལ་ལུས་རྩལ་ཀུན་སྤྱོད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།     

     ཐེངས་འདིའི་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་གྱི་མདའ་འཕེན་ལུས་རྩལ་པ་6པོ་ནི་2021ལོའི་ཟླ་3པར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་བདམས་པའི་ཕུལ་བྱུང་མདའ་འཕེན་པ་ཡིན་པ་དང་འགྲན་བསྡུར་མ་བྱས་གོང་གི་ཉིན་20ཡི་རིང་ལུས་སྟོབས་སྦྱོང་བརྡར་དང་།  བརྟན་འཇགས་སོགས་ཐད་ཀྱི་སྦྱོང་བརྡར་བྱས་པ་དང་ཁོང་ཚོའི་གནོན་འགོག་ནུས་པ་དང་། འགུལ་སྟངས་ཚད་ལྡན།   ཡོ་བྱད་ཉམས་བཟོ་དང་བདག་སྐྱོང་ནུས་པ་སོགས་ཆེ་རུ་ཕྱིན་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་དུས་མཚམས་གཉིས་པའི་འགྲན་བསྡུར་དེ6ཚེས་པའི་24ཉིན་ནས་ཟླ་7ཚེས་3ཉིན་བར་འཚོགས་གྲབས་ཡོད་པ་རེད།