མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞིའི་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-21   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

1.《རྩ་ཁྲིམས》ཀྱི་ནང་དུ་རང་རྒྱལ་གྱི་མི་རིགས་མང་བའི་གཞི་རྩའི་རྒྱལ་ཁབ་ལ་ཕྱོགས་སྡོམ་བྱས་ཚུལ་ནི། 

ལན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་གསར་བསྐྲུན་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། 

2.དུས་སྐབས་གསར་པའི་རང་རྒྱལ་གྱི་མི་རིགས་བྱ་བའི་བརྗོད་བྱ་གཙོ་བོ་ནི།

ལན། ལྷན་ཅིག་མཐུན་སྒྲིལ་འབད་འཐབ་དང་ལྷན་ཅིག་དར་རྒྱས་གོང་འཕེལ་ཡོང་བར་བྱ་རྒྱུ་དེ་ཡིན།

3.“གྲུབ་འབྲས་གཅིག”ནི། 

ལན། ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། ཏང་གི་མི་རིགས་བྱ་བའི་ཐད་ཀྱི་གྲུབ་འབྲས་ཆེ་ཤོས་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་ཞིག་གསར་གཏོད་བྱས་པ་དེ་རེད། 

4.དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཡག་པོར་སྒྲུབ་པའི“གཙོ་སྣེ་གཅིག”ནི། 

ལན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏང་རྒྱུ་དེ་ཏང་གི་མི་རིགས་བྱ་བའི་གཙོ་སྣེ་རུ་འཛིན་རྒྱུ་དེ་ཡིན། 

5.དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་ཁག་ཐེག་ནི། 

ལན། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏང་རྒྱུ་དེ་ཡིན། 

6. “འདྲ་བ་གསུམ”ནི།

ལན། རང་གི་མིག་ལ་གཅེས་སྤྲས་བྱེད་པ་དང་འདྲ་བར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང་འདྲ་བར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ། སེ་འབྲུའི་འབྲུ་གུ་དང་འདྲ་བར་མཐུན་སྒྲིལ་དམ་ཟབ་བྱེད་པ་བཅས་ཡིན། 

7.“ཁ་འབྲལ་ཐབས་མེད་པ་གསུམ”ནི།

ལན། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་སོ་སོའང་ཕན་ཚུན་ཁ་འབྲལ་ཐབས་མེད་པ་བཅས་ཡིན། 

8. “འབྲེལ་བ་གསུམ”ནི། 

ལན། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡིན།

9.“ཁྲིམས་ལྟར་གསུམ”ནི། 

ལན། རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་དང་། མི་རིགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བ་བྱེད་པ་བཅས་ཡིན།  

10.“མི་བརྗེད་པ་གསུམ”ནི། 

ལན། ཏང་གི་བཀའ་དྲིན་མི་བརྗེད་པ་དང་། མེས་རྒྱལ་གྱི་དྲོ་སྐྱིད་མི་བརྗེད་པ། མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་མི་བརྗེད་པ་བཅས་ཡིན།