ཟླ་དྲུག་པའི་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་དྲུག་པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁྲོམ་ལམ་དུ་འཆམ་འཆམ་དུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་ལྗང་མདོག་གི་འཇིག་རྟེན་ལྟ་བུའི་མཛེས་ལྗོངས་ཡིན་བས། མི་སེམས་ལ་སྤྲོ་སྣང་དང་དགའ་བདེ་བསྩལ། འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནགས་བཟོ་ལྗང་འགྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ལས་གྲུབ་པའི་རི་མོ་གསར་བ་ཡིན་པ་རེད།

    གྲོང་ཚོ་ནགས་ཚལ་ཅན་དང་།གཞུང་ལམ་ནགས་ཚལ་ཅན་དུ་འགྱུར་བ། སྒོ་ར་མེ་ཏོག་ལྡུམ་ར་ཅན་དུ་འགྱུར་བ་ཞེས་པ་མངོན་འགྱུར་བྱ་ཆེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན”གྱི་དམིགས་ཚད་ལ་གཞི་ཚུགས་ཏེ་ཤིང་འཛུགས་སྔོ་འགྱུར་གྱི་འདུ་འགོད་ལ་སྐུལ་འདེད་མགྱོགས་པོ་བཏང་བ་རེད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔ་ཕྱི་བར་གསུམ་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་བྱེད་ནུས་ཁུལ་དང་།“གཙང་པོ་གཉིས་”འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད།མཚོ་བོད་མཐོ་སྒང་གི་ལྷོ་རྒྱུད་སྐྱེ་ཁམས་སྒྲིབ་དངོས་ལྟེ་བའི་ཁུལ་བཅས་ཀྱི་འཐབ་ཇུས་ཀྱི་གནས་ཐིག་མངོན་གསལ་དོད་དུ་གཏོང་བ། “སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་སྐྲུན་པ་དང་།ལྗང་མདོག་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་”འཐབ་ཇུས་དང་།ནགས་ཚལ་ཁེབས་ཚད་དང་ནགས་ཚལ་སྤུས་ཚད་གཉིས་ཀ་འཕར་སྣོན་ཡོང་བའི་དམིགས་འབེན་ལ་དམ་པོར་དམིགས་ཏེ།“གཙང་པོ་གཉིས་”ཀྱི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་པ་དང་།སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་པ་རེད།

    མིག་སྔའི་བར་གྲོང་ཁྱེར་དེའི་ཤང་དང་གྲོང་རྡལ་ཁག་གིས་སྡོང་ཕྲུག་ཁྱོན་ཁྲི་53.19བཙུགས་པ་དང་།མུའུ་ཁྲི་1.27ཟིན་པ།སྡོང་ཕྲུག་གི་འགྲོ་གྲོན་སྒོར་ཁྲི་220བཏང་ཡོད་པ་རེད། གྲོང་ཁུལ་ལས་ཁུངས་ཀྱི་དཔྱིད་དུས་འོས་འགན་ཤིང་འཛུགས་ནགས་བཟོའི་སྡོང་རྐང་ཁྲི་2.085ལེགས་སྒྲུབ་བྱས་པ་དང་།རྣམ་གྲངས་ཀྱི་ནགས་བཟོའི་མ་དངུལ་བསྡོམས་འབོར་སྒོར་ཁྲི་122.73བཏང་བ། རྒྱལ་ཐང་གྲོང་རྡལ་གྱི་རྒྱལ་སྡེ་གྲོང་ཚོ་དང་།ལོ་ཅི་ཤང་གི་མྱི་ཟུར་གྲོང་ཚོ།ཉི་ཤར་ཤང་གི་ཐང་སྟོད་གྲོང་ཚོ་སོགས་གྲོང་ཚོ་5ཡི་ཞིང་ཆེན་རིམ་པའི་ནགས་ཚལ་གྱི་ཤང་དང་གྲོང་སྡེ།གྲོང་ཁྱེར་རིམ་པའི་ཞིབ་དཔྱད་དང་དེ་བཞིན་ཁུལ་རིམ་པའི་ཞིབ་དཔྱད་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད།ཞིང་ཆེན་རིམ་པའི་ཞིབ་དཔྱད་ལ་སྙན་སེང་ཡང་ཞུས་པ་རེད།