ཁ་སང་།བདེ་ཆེན་ནས་གླུ་གར་གྱི་གསོལ་སྟོན་འདི་འདྲ་ཞིག་བཤམས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ6པའི་ཚེས་27ཉིན་གྱི་ཕྱི་དྲོ།ཁུལ་ཨུ་དང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་།ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་།ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་ར་བཅས་ཀྱིས་གཉེར་རོགས་བྱས་པའི“སྲོག་ཤིང་ལ་བརྩི་བཀུར་ཞུ་བ·སེམས་པ་པེ་ཅིང་དུ་ཕྱོགས་པ·སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་བྱེད་སྒོ་ཀོང་ཉན་མགྲོན་ཁང་དུ་སྤེལ་བ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།རིག་རྩལ་གྱི་མཉམ་འཛོམས་འཁྲབ་སྟོན་བྱེད་སྒོ་དེ་ཏང་ལ་བསྟོད་གླུ་འབུལ་བ་དང་།འགན་འཁྲི་འཁུར་བ།རླབས་ཆེན་ཕུགས་འདུན་བཅས་ལེ་ཚན་གསུམ་ལས་གྲུབ་པ་ཞིག་ཡིན་པ་དང་ཁྱོན་ལེ་ཚན་18ཡོད་པ་རེད། བྱེད་སྒོ་དེ་《རི་གླུ་སྙན་མོ་ཏང་ལ་འབུལ》ཞེས་པའི་གླུ་གཞས་མཉམ་གཏོང་ཆེན་པོའི་གླུ་དབྱངས་ཁྲོད་བྱེད་སྒོ་འགོ་ཚུགས་པ་རེད། དེ་རྗེས《དགའ་སྤྲོའི་དཔལ་ལ་རོལ་བ》དང་།《དཔྱིད་འཁོར》《མའོ་ཀྲུའུ་ཞིའི་འོད་སྟོངས》《སྲུང་སྐྱོང》《ཚེ་སྲོག་བསྟོད་གླུ》ཞབས་བྲོའི་ལེ་ཚན་དང་།《སེམས་ཀྱི་ཉི་ཟླའི་ཚོན་མདོག་སྣ་ལྔའི་ཁ་བཏགས》དང་《བདེ་སྐྱིད་ལམ་བུ》《མང་ཚོགས་ཀྱིས་དགའ་སྤྲོའི་ངང་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ》སོགས་ མཉམ་གཞས་འཁྲབ་ཚན།དེ་བཞིན་《ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད》ཅེས་པ་སོགས་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་དང་།ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད་པ་རེད། མཇུག་ཏུ་ཐེངས་འདིའི་བྱེད་སྒོ་ནང་ཞུགས་མཁན་ཡོངས་ཀྱིས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་པ་དང་འབྲེལ《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་མཉམ་གཞས་བཏང་ནས་བྱེད་སྒོ་མཇུག་སྒྲིལ་བ་རེད།