རྒྱལ་བདེ་གྲོང་ཚོ་ནས་ལོ་རེའི་བེ་ཤའི་དུས་ཆེན་བསུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

གར་སྟེགས་སྟེང་གི་སྟངས་སྟབས།

    ཟླ་7པའི་ཚེས་4ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་གཉིས་ལམ་ལུགས་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་དང་2022ལོའི་རྒྱལ་བདེ་བེ་ཤའི་དུས་ཆེན་རྒྱལ་སྡེ་རྩྭ་ཐང་སྟེང་ནས་སྤེལ་བ་རེད།


མི་རིགས་གླུ་གར་འཁྲབ་སྟོན་དང་སྤྲོ་བས་ཁེངས་པའི་ལྟད་མོ་བ།

ས་གནས་སྡོད་མིས་དམངས་སྲོལ་རིག་གནས་གླེང་བཞིན་པ།

    བྱེད་སྒོའི་སྟེང་བེ་ཤ་འགྲེམ་ཚོང་དང་མི་རིགས་གླུ་གར་འཁྲབ་སྟོན། དམངས་སྲོལ་རིག་གནས། དབུལ་སྐྱོར་ཐོན་རྫས་འགྲེམ་སྟོན། ཁྱད་ལྡན་ཟས་མཆོགས་སོགས་སྣ་ཚོགས་ཡོད་པ་རེད།

    བྱེད་སྒོ་སྣ་ཚོགས་ལས་རྒྱ་ཆེའི་སྐུ་མགྲོན་ཚོའི་ཆེས་སྤྲོ་བ་འཕེལ་བྱེད་ནི་བེ་ཤ་འགྲེམ་ཚོང་བྱེད་པ་དེ་ལས་མ་འདས་ཏེ། ཆེ་ཆུང་སྣ་ཚོགས་ཀྱི་བེ་ཤ་ཡུལ་དངོས་ནས་འགྲེམ་ཚོང་བྱས་ཤིང་རྒྱ་ཆེའི་སྐུ་མགྲོན་རྣམས་སྤྲོ་བ་ཆེན་པོས་བྱེད་སྒོའི་ནང་ཞུགས་ལ། མཐར་བེ་ཤ་ལི་སྨི་5ནས་7ཅན་སྤྱི་རྒྱ་གཅིག་ལ་སྒོར་900དང་ལི་སྨི་7ནས་9ཅན་སྤྱི་རྒྱ་གཅིག་ལ་སྒོར་1000། ལི་སྨི་9ནས་12ཅན་སྤྱི་རྒྱ་གཅིག་ལ་སྒོར་1300བྱས་ནས་འགྲེམ་ཚོང་བྱས་པ་རེད།


འགྲེམ་ཚོང་བྱེད་པའི་བེ་ཤ