རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-21   རྩོམ་ཁུངས།    མི་དམངས་དྲ་བ།
ཉེ་ཆར། ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)འབྲི་ཆུའི་འགོ་ཁུངས་ཚན་རིག་རྟོག་ཞིབ་བྱེད་སྒོ་སྤེལ་སྐབས། ཚན་ཞིབ་རུ་ཁག་གིས་ཨ་ཆེན་གངས་རྒྱབ་ནས་མཐོང་དཀོན་ལ་གཞི་ཁྱོན་ཆེ་བའི“རི་རྒྱུད་དམར་པོ་”ཅིག་ཤེས་རྟོགས་ཡོད། ཨ་ཆེན་གངས་རྒྱབ་གཤོང་སའི“རི་རྒྱུད་དམར་པོ་”དེ་དག་ནི་ད་བར་ལོ་ཁྲི་7000ལྷག་ཙམ་ནས་ལོ་ཁྲི་3000བར་འགོར་བའི་ས་རིམ་དཀར་པོའི་དུས་ནས་གནའ་བོའི་དུས་འགོའི་བར་དུ་ཆགས་པ་དང་། དེའི་ནང་གི་ཕུན་སུམ་ཚོགས་པའི་ས་གཤིས་ཆ་འཕྲིན་ནི་མཚོ་བོད་ས་མཐོའི་འཕེལ་རྒྱས་བརྒྱུད་རིམ་དང་འབྲེལ་བ་དམ་ཟབ་ཡོད་པས། མཚོ་བོད་ས་མཐོའི་རིམ་འགྱུར་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་གལ་ཆེན་བྱ་རྒྱུ་རེད།