རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྡོ་མཁར་རྫོང་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གནས་ཡོད་ལ། རྫོང་འདིར་ཉར་ཚགས་ཅུང་ལེགས་པའི་བོད་མིའི་སྡོད་ཁང་མང་པོ་ཡོད་པ་དང་ཇ་རྟ་གནའ་ལམ་གྱི་འགྲིམ་འགྲུལ་ལྟེ་བ་ཞིག་ཡིན་པ་དང་། ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཟུར་གསུམ་ཆེ་མོའི་ས་ཁོངས་ཀྱི་དཔལ་འབྱོར་གྲོང་རྡལ་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་མི་མང་པོའི་ཡིད་དབང་འཕྲོག་སའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
2002ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མིང་བསྒྱུར་བར་དྲན་གསོ་བྱ་ཆེད་སྐྲུན་པའི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་བཀྲ་ཤིས་རྒྱལ་མཚན་དུང་འཁོར་དེ་རྡོ་མཁར་རྫོང་རྫོང་འགོར་གནས་པ་དང་མཐོ་ཚད་སྨི་21.45ཟིན་ཡོད། དུང་འཁོར་དེའི་ངོས་སུ་གངས་རི་དང་གཙང་པོ། ནགས་ཚལ། དེ་མིན་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་བརྐོས་ཡོད་ལ། བརྗིད་ཉམས་ལྡན་པའི་མ་ཎི་དུང་འཁོར་དེ་རྡོ་མཁར་རྫོང་གི་ཡིད་དབང་འཕྲོག་ཤོས་ཀྱི་སྐྲུན་དངོས་ཤིག་ཏུ་གྱུར་ནས་ལོ་ལྟར་ཡུལ་སྐོར་བ་མང་པོ་དེར་ཡོང་གི་ཡོད།