མིག་སྔའི་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཐོ་འགོད་རེའུ་མིག་དྲ་ཐོག་ཏུ་50ཐོ་འགོད་སྙན་སེང་ཞུས་ཡོད་ལ། ཁོར་ཡུག་ཤུགས་རྐྱེན་སྙན་ཞུའི་རེའུ་མིག་(དེབ་)དྲ་ཐོག་ཏུ་ཡོངས་བསྒྲགས་དང་ཞིབ་མཆན་འགོད་མཁན་7ཁེ་ལས་10ཡི་ཁོར་ཡུག་སྲུང་སྐྱོང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
གཞན་ཡང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཞབས་ཞུ་བྱས་ཏེ། དུས་ཚིགས་ལྟར་གཙོ་གནད་དོ་དམ་ཁེ་ལས་16དང་དོ་དམ་ཁེ་ལས་གཞན་དག་3གྱི་སྦགས་བཙོག་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་དེ་བཞིན་བཙོག་འབུད་ཚན་པ་53དང་གཏེར་སྙིགས་གསོག་མཛོད་11གི་དངོས་དཔེ་འཚོལ་བསྡུ་དང་ཞིབ་དཔྱད་ཚད་ལེན་ལས་དོན་སྤེལ་ནས་དུས་ཚིགས་དང་པོ་དང་གཉིས་པའི་གྲོང་ཁྱེར་གྱི་སྒྲའི་ཁོར་ཡུག་ནུས་པའི་ཁུལ་གྱི་འཛེར་སྒྲ་ལྟ་དཔྱད་ཚད་ལེན་དང་གྲོང་གསེབ་ཀྱི་ཁོར་ཡུག་ཚོད་ལྟའི་ལྟ་དཔྱད་ཚད་འཇལ་བྱས་ནས། དུས་མཚུངས་སུ་ད་དུང་ཆུའི་སྦགས་བཙོག་དང་འཛེར་སྒྲ་བབ་བསྟུན་ལྟ་ཞིབ་ཚད་ལེན་ཐེངས་12བྱས་ཡོད།