གཡག་སྣ་འདུལ་པའི་འགྲན་སྡུར།
རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཧུང་ཡོན་རྩྭ་ཐང་གི་གཡག་སྣ་འདུལ་བའི་འགྲན་སྡུར།
གཡག་འཚོ་བཞིན་པའི་བུད་མེད་ཅིག
བྲོ་འཁྲབ་བཞིན་པའི་མང་ཚོགས།
གཡག་ཁུལ་འཐག་བཞིན་པའི་བུད་མེད།
རྔ་བ་ཁུལ་གྱིས་བཏོད་པའི་ཡུལ་སྐོར་ལས་གཞི།
གཡག་ལ་ཞོན་ནས་འགྲན་སྡུར་ནང་ཞུགས་བཞིན་པ།
གྲུབ་འབྲས་བླངས་པའི་འགྲན་ཞུགས་པ་ཞིག
གཡག་ལ་ཞོན་ནས་འགྲན་སྡུར་ནང་ཞུགས་པ།
ཟླ8པའི་ཚེས3ཉིན། ཐུན་མོང་མ་ཡིན་པའི་གཡག་སྣ་འདུལ་བའི་འགྲན་སྡུར་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་དུ་སྤེལ་ཞིང་། དེ་ནི་ས་གནས་ཀྱིས་ཧུང་ཡོན་རྩྭ་ཐང་ཆེན་མོའི་ཐུན་མོང་མ་ཡིན་པའི་གཡག་གི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་གདོད་མའི་རྣམ་པའི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་མངོན་པའི་ཆེད་དུ་གཉེར་བའི་རིག་གནས་ལུས་རྩལ་གྱི་བྱ་འགུལ་ཞིག་རེད།
ཧུང་ཡོན་གྱི་གཡག་སྣ་འདུལ་བའི་འགྲན་སྡུར་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུའང་དམིགས་བསལ་ཅན་ཞིག་ཏུ་ཆགས་ཡོད་ལ། བཏུལ་བྱའི་གཡག་ཚང་མ་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་རྔམ་བརྗིད་ལྡན་པའི་རྨེ་བའི་གཡག་ཡིན། ཉིན་དེར། ཧུང་ཡོན་རྫོང་གི་ཤང་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ་རྣམས་ཀྱིས་ཨང་གྲངས་ལྟར་རིམ་བཞིན་གཡག་ར་ནང་དུ་ཡོང་ནས། ལྟ་སྐུལ་མི་སྣ་དང་ཡུལ་དངོས་ལས་དོན་མི་སྣའི་རམ་འདེགས་འོག གཡག་རེ་བཟུང་ནས་འགྲན་སྡུར་ནང་ཞུགས་པ་རེད། སུས་ཀྱང་ཞོན་མྱོང་མེད་པའི་གཡག་དེ་དག་གི་སྟེང་དུ་སྒ་དང་ཡོབ་གང་ཡང་མེད་ལ། གཡག་ཞོན་པ་རྣམས་སྐྱ་ཐེར་ཐེར་གྱི་གཡག་ལ་ཞོན་ཏེ། གཡོན་ལག་གིས་གཡག་གི་མཇིང་པར་འཇུས་པ་དང་། གཡས་ལག་ནི་གཡག་གི་རྔ་མར་འཇུས་ཤིང་། རྐང་པ་གཉིས་ཀྱིས་གཡག་གི་ལུས་ལ་དམ་པོར་འབྱར་ནས་རྐྱ་རྩལ་ངོམ་པ་ཡིན། རྨེ་བའི་གཡག་ནི་གཙོ་བོ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་སྒང་གི་ཧུང་ཡོན་རྩྭ་ཐང་ཆེན་མོ་རུ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་རྩྭ་ཐང་གི་འབྲོག་ས་གཙོ་བོ་ཡིན་པའི་ཆ་ནས། ནུབ་བྱང་རྒྱུད་ཀྱི་མཐོ་སྒང་དུ་ཕྲ་རྒྱན་པའི་གཡུ་མདོག་གི་མཚོ་མོ་ཞིག་དང་གཉིས་སུ་མ་མཆིས། རི་ཚོགས་ཀུན་ཀྱིས་གཡོགས་པའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་གཙང་ཆུ་ལྷུང་ལྷུང་དུ་འབབ་བཞིན་ཡོད་ལ། གནས་དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གཙོ་བོ་དང་སྐྱེ་ཁམས་བྱེད་ནུས་ཁུལ་ཡང་ཡིན། ཉེ་བའི་ལོ་འགའི་རིང་ལ། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་སྒང་རྩྭ་ཐང་གི་རྫོང་སོ་སོས་གཡག་གི་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་དང་གཡག་གི་རིག་གནས་ལ་རྒྱུན་འཛིན་དང་སྲུང་སྐྱོང་གང་ལེགས་བྱས་ནས། ཧུར་ཐག་གིས“སྦྲ་གུར་ཡུལ་སྐོར”དང“འབྲོག་པའི་འཚོ་བ་ཉམས་ལེན”སོགས་ཀྱི་གཡག་གི་རིག་གནས་ལྟེ་བར་བཟུང་བའི་ཡུལ་སྐོར་ལས་གཞི་བཏོད་པ་དང་། གཡག་གི་ཐོན་ལས་དམ་པོར་འཛིན་པ་དང་ཆབས་ཅིག་ཏུ་གཡག་གི་རིག་གནས་སྔོག་འདོན་དང་རྒྱུན་འཛིན་སྲུང་སྐྱོང་བྱས་ཏེ། ས་གནས་ཀྱི་འབྲོག་ས་སླར་གསོ་བྱེད་པ་དང་། འབྲོག་ས་དར་སྤེལ་གྱི་སྣེ་ཁྲིད་དེ་རོང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པར་མ་ཟད། སྐྱིད་སྣང་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་རེད། །