བདེ་ཆེན་གྱི་Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་16སྒོ་འབྱེད་སླར་གསོ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་22ཉིན། ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་གསལ་བྱུང་དོན།  ཚེས་22ཉིན་ནས་བཟུང་།  རང་ཁུལ་གྱི་Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་16གོ་རིམ་ལྡན་པའི་ངང་སྒོ་ཕྱེས་ནས་མགྲོན་པོ་བསུ་བ་རེད།

        མིག་སྔར།རང་ཁུལ་ལ་Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཁྱོན་20ཡོད་པ་དང་། སྔོན་ཆད་སྒོ་རྒྱག་ཡོད་པའི་ཤར་ཁ་རི་བོའི་ལྗོངས་ཁུལ་དང་བྲག་དཀར་སྐྱེ་ཁམས་གྲོང་སྡེའི་ཡུལ་སྐོར་ལྗོངས་ཁུལ།  རྒྱལ་ཐང་མོ་ལྗོངས་ཁུལ་དང་ད་ལྟར་གནས་སྐབས་ཀྱི་དོ་དམ་ཚོད་འཛིན་བྱེད་ཡོད་པའི་སྨན་རི་རྒྱལ་ཁབ་སྤྱི་གླིང་ཡུལ་སྐོར་ལྗོངས་ཁུལ་བཅས་ལྗོངས་ཁུལ་བཞི་ལས་གཞན་པའི་Aརིམ་པའི་ལྗོངས་ཁུལ་16སྒོ་འབྱེད་སླར་གསོ་བྱས་ཡོད་པ་རེད།

དགའ་ལྡན་སུམ་རྩེན་གླིང་།

འབའ་ལྷག་དཀར་རྫོང་གི་རང་བྱུང་མཆོད་རྟེན།

        ཤེས་གསལ་བྱུང་དོན།  ཚེས་22ཉིན་གྱི་སྔ་དྲོར།  ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སུམ་རྩེན་གླིང་སོགས་ལྗོངས་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་ཀའི་ཞིབ་བཤེར་དང་ལྟ་སྐུལ་བྱེད་པ་མ་ཟད། ལྗོངས་ཁུལ་ཁག་གི་ལས་བྱེད་མི་སྣ་ཁག་གཅིག་སྐོར་འཐེན་བྱས་ནས་མུ་མཐུད་དུ་སྣོལ་སྡེབ་ལྟ་སྐུལ་ལས་དོན་སྤེལ་བ་རེད།

ཆུ་དཀར་ཆུ་ནག

པོ་ཏ་མཚོ།

        ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ལྗོངས་ཁུལ་དུ་ཞུགས་པའི་ཡུལ་སྐོར་བ་ཚོ་ལ་གཅིག་ནི་དུས་ཚོད་24ཡི་ཉིང་སྐྱུར་བཤེར་འཇལ་སྲིབས་གཤིས་ཀྱི་དཔང་ཡིག་འདོན་དགོས་པ་དང་།  གཉིས་ནི་ཡུན་ནན་བདེ་ཐང་འཚོལ་བཤེར་པར་རིས་དང་འཕྲིན་གཏོང་འགྲོ་སྐྱོད་བྱང་བུ་སྟོན་དགོས་པ་མ་ཟད་ལུས་དྲོད་བརྟག་དཔྱད་ཡག་པོ་བྱེད་དགོས།  གསུམ་ནི་ལྗོངས་ཁུལ་ཁག་གི་ལྟ་སྐོར་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ་དང་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དེ་ཁ་རས་རྒྱབ་ནས་ལྟ་སྐོར་བྱེད་དགོས་ཞེས་དྲན་སྐུལ་བྱེད།